[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་འགྲེམས་ཚོགས་2018ལོའི་པེར་ལིན་རྒྱལ་སྤྱིའི་ཡུལ་སྐོར་ཚོང་འདུས་ལ་ཞུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

     ཟླ་3ཚེས་7ཉིན་2018ལོའི་པེར་ལིན་རྒྱལ་སྤྱིའི་ཡུལ་སྐོར་ཚོང་འདུས་པེར་ལིན་དུ་འགོ་བཙུགས་པ་དང་། རྒྱལ་ཁབ་དང་ས་ཁུལ་186གི་སྒྲིག་གཞི་ཁྲི་གཅིག་ལྷག་ཙམ་གྱིས་ལས་སྟེགས་དེ་སྤྱད་དེ་ཡུལ་སྐོར་གྱི་ཐོན་ཁུངས་དང་ངོ་འཕྲད་གྲོས་མོལ་ལས་སྒོ་འགྲེམས་སྟོན་བྱས་ཏེ་ཡུལ་སྐོར་ལས་རིགས་གསར་གཏོད་དང་སྔ་བལྟས་ཕྱི་བསམ་རང་བཞིན་གྱི་སྒུལ་ཕྱོགས་ཞིབ་འཇུག་དང་གྲོས་བསྡུར་བྱས་ཡོད། འདི་ལོའི་ཚོང་འདུས་ལ་ཞུགས་པའི་ཀྲུང་གོའི་འགྲེམས་ཚོགས་ཀྱིས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་སྟོན་པ་དང་དུས་མཚུངས་ད་དུང་ལྟད་མོ་ཆེ་བའི་ཀྲུང་གོའི་དྲག་རྩལ་དང་། སེང་རྩེད། མི་རིགས་ཀྱི་ཞབས་བྲོ་སོགས་འཁྲབ་སྟོན་བྱས་ཤིང་། 

    489955_yis_1520827891954.jpg

    འདི་ནི་འཇར་མན་གྱི་རྒྱལ་ས་པེར་ལིན་དུ་གཉེར་བའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་འདུས་ལ་ལྟད་མོ་བ་ཞིག(དཀྱིལ)གིས་ཀྲུང་གོ་ཧོ་ནན་ཞིང་ཆེན་གྱི་འགྲེམས་ཁུལ་དུ་ཧྲའོ་ལིན་དྲག་རྩལ་པ་དང་མཉམ་དུ་པར་རྒྱག་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།