[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོཌ་ཨུ་ལྷན་གྱི་ལག་བསྟར་དྲུང་ཡིག་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་ཚད་མཐོའི་གདེང་འཇོག་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-16

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པང་ཁོག་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་14ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ལྷན་གྱི་སྐབས་74པའི་ལོ་ཚོགས་ཐེ་ལན་གྱི་པང་ཁོག་ཏུ་འཚོགས་ཤིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ལྷན་གྱི་ལག་བསྟར་དྲུང་ཡིག་ཨ་ཧེ་ཐར་གྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་བརྗོད་སྐབས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་གོ་ལ་ཧྲིལ་པོ་དང་ས་ཁོངས་མཉམ་ལས་ལ་དོན་སྙིང་གལ་ཆེན་ལྡན་པར་ཚད་མཐོའི་གདེང་འཇོག་གནང་བ་རེད།

    ཨ་ཧེ་ཐར་གྱིས། མིག་སྔར་གོ་ལ་ཧྲིལ་པོ་ཅན་ལས་ལྡོག་པའི་འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་བ་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་མགོ་བོ་འབུས་པ་ལས་འཛམ་གླིང་དཔལ་འབྱོར་འཕར་བའི་གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་ཕྱིན་ཡོད། གལ་ཏེ་འཕེལ་ཕྱོགས་དེ་མུ་མཐུད་འཕེལ་རྒྱས་ཕྱིན་ཚེ་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་རྒྱལ་ཁབ་ཁག་ལ་རྡབ་རྡེག་ཆེན་པོ་བཟོ་རྒྱུ་རེད་ཅེས་བཤད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཁྲོད་གཏམ་བཤད་གནང་སྐབས“ང་ཚོས་སྤྲིན་ནག་སྟུག་པོས་འདྲེན་བྱེད་སྒྲིབ་པར་འཇིགས་སྣང་སྐྱེ་མི་རུང་བ་དང་སྐྱིད་པའི་ཉི་མ་མཐོང་ཐུབ་རྒྱུར་གཞོལ་ཏེ་ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་འཛམ་གླིང་གི་སྤྱི་ཡོངས་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་དགོས” ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་བཅག་སྟེ་དྲང་བདེན་གྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་དང་ཕྱོགས་མང་གི་སྒྲིག་སྲོལ་ཐད་སྲུང་སྐྱོང་དང་སྐུལ་འདེད་གཏོང་རྒྱུར་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས་རང་མོས་སྒོ་དབྱེའི་ཚོང་དོན་སྲུང་སྐྱོང་བྱེད་པ་དང་། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་ཕན་ཚུན་སྦྲེལ་མཐུད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཚོང་དོན་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ཡག་པོ་བྱེད་པ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་ཀུན་ཕན་དང་ཁོག་ཡངས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་ཚང་མར་ཕན་པ་ཐོབ་པའི་འགན་ལེན་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།