[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་སྤྱིའི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་ཟློས་གར་མཐུན་ཚོགས་ཀྱི་སྒྱུ་རྩལ་འདུ་ཚོགས་ཀྲུང་གོར་ཐེངས་དང་པོ་གཉེར་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-10

    གསར་འགོད་པར་ཀྲུང་གོ་བྱིས་པའི་སྒྱུ་རྩལ་ཟློས་གར་ཁང་ནས་ཤེས་རྟོགས་བྱུང་བར། 2018ལོའི་ལོ་འཁོར་གྱི་རྒྱལ་སྤྱིའི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་ཟློས་གར་མཐུན་ཚོགས་ཀྱི་སྒྱུ་རྩལ་འདུ་ཚོགས་ཟླ་8ཚེས་18ནས་ཚེས་24ཉིན་བར་གཉེར་རྒྱུ་རེད། དེ་ནི་རྒྱལ་སྤྱིའི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་ཟློས་གར་མཐུན་ཚོགས་བཙུགས་ཚུན་ཀྲུང་གོར་སྒྱུ་རྩལ་འདུ་ཚོགས་གཉེར་ཐེངས་དང་པོ་དེ་རེད། 

    ཀྲུང་གོ་བྱིས་པའི་སྒྱུ་རྩལ་ཟློས་གར་ཁང་དང་ཀྲུང་གོ་བྱིས་པའི་ཟློས་གར་ཞིབ་འཇུག་ཚོགས་པས་ཐུན་མོང་ཐོག་གཉེར་རྒྱུའི་ད་ཐེངས་ཀྱི་སྒྱུ་རྩལ་འདུ་ཚོགས་དེས“འབྱུང་འགྱུར་བསམ་བཀོད་བྱེད”ཅེས་པ་བརྗོད་དོན་གཙོར་བྱ་རྒྱུ་དང་གླིང་ཆེན་ལྔ་ཡི་རྒྱལ་ཁབ་10ནས་འཁྱེར་ཡོང་བའི་ཟློས་གར་འཁྲབ་ཚན་17གྱིས་གཟའ་འཁོར་གཅིག་ནང་གཅིག་སྡུད་ཐོག་འཁྲབ་སྟོན་ཐེངས་50ལྷག་ཙམ་བྱ་རྒྱུ་རེད། གཞན་ཡང་རྒྱལ་ཁབ་དང་ས་ཁུལ་46གི་སྒྱུ་རྩལ་པའི་འཐུས་མི་ཚོགས་པ་དང་། འཁྲབ་སྟོན་ཚོགས་པ། བྱིས་པའི་ཟློས་གར་ཁང་དང་སྒྱུ་རྩལ་སྒྲིག་གཞིའི་འགན་འཁུར་མི་སྣ་སོགས་འཐུས་མི་500ལྷག་ཙམ་ད་ཐེངས་ཀྱི་འདུ་ཚོགས་རྒྱས་འཛོམས་ནང་ཞུགས་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།