[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་འགྲོ་ལམ་གྱི་ཡོ་རོབ་གླེང་སྟེགས”སྐབས་ལྔ་པ་ལི་སི་པོན་དུ་གཉེར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

     ཚེས་8ཉིན། “ཀྲུང་གོའི་འགྲོ་ལམ་གྱི་ཡོ་རོབ་གླེང་སྟེགས”སྐབས་ལྔ་པ(ཕོར་ཐིའུ་ཀལ་གྱི་ཚོགས་ར)ཕོར་ཐིའུ་ཀལ་གྱི་རྒྱལ་ས་ལི་སི་པོན་དུ་གཉེར་བ་དང་། འདི་ནི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་མར་ཁེ་སི་རིང་ལུགས་ཞིབ་འཇུག་ཁང་དང་། ཕོར་ཐིའུ་ཀལ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་ཐོག་གཉེར་བ་དང་། ཧྲན་ཏུང་སྤྱི་ཚོགས་ཚན་རིག་ཁང་གིས་གཉེར་རོགས་བྱས་པ་ཞིག་རེད། གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“དུས་རབས་གསར་པའི་ཀྲུང་གོའི་ཇུས་གཞི་དང་ཡོ་རོབ་འཕེལ་རྒྱས”ཞེས་པ་ཡིན་པ་དང་། ཀྲུང་གོ་དང་ཕོར་ཐིའུ་ཀལ་རྒྱལ་ཁབ་གཉིས་པོའི་རིགས་གཅིག་མཁས་ཅན་དང་མཁས་དབང་100ལྷག་ཙམ་གླེང་སྟེགས་ལ་ཞུགས་ཡོད་པ་རེད།

    ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་མར་ཁེ་སི་རིང་ལུགས་ཞིབ་འཇུག་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཡོན་ཀྲང་ཏེང་ཁྲུན་ཏུང་གིས་ད་རེས་ཀྱི་གླེང་སྟེགས་བརྒྱུད་ཀྲུང་གུང་དང་ཕོར་གུང་དབར་གྱི་རང་ངོས་འཛུགས་སྐྱོང་དང་འཕེལ་རྒྱས་དང་། ཀྲུང་གོ་དང་ཕོར་ཐིའུ་ཀལ་རྒྱལ་ཁབ་གཉིས་པོའི་རྒྱལ་ནང་གི་དཔལ་འབྱོར་དང་ཆབ་སྲིད་དང་དེ་བཞིན་མིག་སྔའི་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་དུས་བབ་སོགས་ཀྱི་ཐད་ཐུན་མོང་གི་ངོས་འཛིན་ཡོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཕོར་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཏེ་སུའོ་ས་ཡིས་གུང་ཁྲན་རིང་ལུགས་ཀྱི་དད་སེམས་བརྟན་པོ་འཆང་བ་དང་། ངལ་རྩོལ་མི་དམངས་ཁྲོད་རྩ་བ་ཚུགས་ཚེ། གཞི་ནས་སྤྱི་ཚོགས་རིང་ལུགས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་དང་རྒྱལ་ཁ་ཐོབ་ངེས་ཡིན་པས། ཕོར་གུང་དང་ཀྲུང་གུང་ཏང་གཉིས་ཀྱིས་རིགས་པའི་གཞུང་ལུགས་ཀྱི་ལས་རིགས་ནང་འབྲེལ་གཏུག་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་ནུས་ལྡན་བརྒྱབ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་རྒྱུའི་རེ་བ་ཡོད་པའི་ངོས་འཛིན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།