[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཚན་རིག་ཁང་གི་ཚན་རྩལ་གསར་གཏོད་གྲུབ་འབྲས་ཕྱི་རྒྱལ་དུ་སྐོར་འགྲེམས་བྱེད་པའི་བྱེད་སྒོ་པང་ཁོག་ཏུ་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

    557210_yis_1539234292867_s.jpg

    ཟླ་10ཚེས་10ཉིན་ཐེ་ལན་གྱི་པང་ཁོག་ཏུ་ལྟད་མོ་བས་ཀྲུང་གོ་ཚན་རིག་ཁང་གི་ཚན་རྩལ་གསར་གཏོད་གྲུབ་འབྲས་ཕྱི་རྒྱལ་དུ་སྐོར་འགྲེམས་བྱེད་པར་ལྟ་སྐོར་བྱེད་བཞིན་པ།

    ཚེས་10ཉིན་ཀྲུང་གོ་ཚན་རིག་ཁང་གི་ཚན་རྩལ་གསར་གཏོད་གྲུབ་འབྲས་ཕྱི་རྒྱལ་དུ་སྐོར་འགྲེམས་བྱེད་པའི་བྱེད་སྒོ་ཐེ་ལན་གྱི་རྒྱལ་ས་པང་ཁོག་ཏུ་འགོ་ཚུགས་ཤིང་། གོ་ལ་ཧྲིལ་པོའི་སྔོན་ཐོན་ཚན་རྩལ་གྲུབ་འབྲས་མང་པོ་ཞིག་འགྲེམས་སྟོན་ནང་མཐོང་རྒྱུ་ཡོད་པ་དང་ཐེ་ལན་གྱི་གཙོ་གནད་འཕེལ་རྒྱས་ཐོན་ལས་ལ་འབྲེལ་མཐུད་བྱས་པའི་ཀྲུང་གོའི་ཚན་རྩལ་མཐོ་བའི་ཁེ་ལས་དང་ཐེ་ལན་གྱི་ཚན་ཞིབ་སྒྲིག་གཞི་འགྲེམས་སྟོན་ནང་ཞུགས་ཡོད་པ་རེད།

    ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའེ་ཅན་གྱིས་འགྲེམས་སྟོན་ཁང་དུ་ཉེ་བའི་ལོ་ཤས་རིང་། ཀྲུང་ཐེ་རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་འབྲེལ་ཡོད་མཉམ་ལས་ལ་ཐེ་ལན་གོང་མ་ཚང་གིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ཀྲུང་གོ་ཚན་རིག་ཁང་གིས་པང་ཁོག་འདི་ཉིད་ཕྱི་རྒྱལ་གྱི་སྐོར་འགྲེམས་བྱེད་སྒོ་གཉེར་ཡུལ་དང་པོར་བདམས་པ་དེ་ཐོག་ནས་ཀྲུང་གོ་སྲིད་གཞུང་གིས་ཀྲུང་ཐེ་ཚན་རྩལ་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱས་པ་མཚོན་ཐུབ་ཅེས་བརྗོད།

    ཐེ་ལན་གྱི་སྲས་མོ་ཧྲེ་ལིན་ཐུང་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་ད་ཐེངས་ཀྱི་འགྲེམས་སྟོན་ནང་ཧྲེ་ལིན་ཐུང་གིས་ལོ་མང་རིང་ཀྲུང་ཐེའི་ཚན་རྩལ་སྤེལ་རེས་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བའི་རྩ་ཆེའི་ལོ་རྒྱུས་པར་རིས་དང་ཡིག་ཚགས་དཔྱད་གཞི་བཏོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།