[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁ་ལུའུ་གཙང་པོའི་ཆུ་རགས་ཆེན་པོ་ལས་ཀྲུང་གོ་དང་སི་རི་ལན་ཁའི་མཛའ་གྲོགས་མཚོན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-11

    584558_yis_1547096873451.jpg

     སི་རི་ལན་ཁའི་དབུས་རྒྱུད་དུ་གནས་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁ་ལུའུ་གཙང་པོའི་ཆུ་རགས་ཆེན་པོའི(Kཆུ་རགས)རྣམ་གྲངས་ཚེས་8ཉིན་ལས་གྲྭ་གཙོ་བོ་ལེགས་གྲུབ་ཟིན་པའི་མཛད་སྒོ་འཚོགས་པ་དང་ཀྲུང་གོའི་ཁེ་ལས་ཀྱིས་མ་རྩ་བཏང་སྟེ་སྐྲུན་རོགས་བྱས་པའི་ཆུ་མཛོད་ཁུལ་གྱི་ཡུལ་མི་བཀོད་སྒྲིག་བྱ་ཡུལ་ལཱ་ཀེ་ལེ་གྲོང་རྡལ་གྱི་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོའང་དེ་ཉིན་གཉེར་ཞིང་། འདི་ནི་ཟླ་1ཚེས་8ཉིན་སི་རི་ལན་ཁའི་དབུས་རྒྱུད་ཀྱི་མཁའ་ཐོག་ནས་པར་བླངས་པའི་ཁ་ལུའུ་གཙང་པོའི་ཆུ་རགས་ཆེན་པོ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁོ་ལོན་པོ་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་50ལྷག་ཙམ་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་སི་རི་ལན་ཁའི་ཁ་ལུའུ་གཙང་པོའི་ཆུ་རགས་ཆེན་པོའི་རྣམ་གྲངས་ཀྱི་ལས་གྲྭ་གཙོ་བོ་ཉེ་ཆར་ལེགས་གྲུབ་ཟིན་པ་དང་ཙུང་ཐུང་ཤིས་ལི་སེ་ནཱ་སྐུ་ངོ་མས་ཆུ་རགས་ཆེན་པོའི་དྲན་གསོའི་རྡོ་རིང་གི་ཡོལ་ཁེབས་ཕྱེ་གནང་བ་མ་ཟད། ཀྲུང་གོའི་ཁེ་ལས་ལ་ཐུགས་རྗེ་ཆེ་ཞུས་པ་རེད།

    ཁ་ལུའུ་གཙང་པོའི་ཆུ་རགས་ཆེན་པོ་དེ་བསྐྲུན་པས་ཡུལ་དེ་གའི་དཔལ་འབྱོར་ལ་སྐུལ་ཁྲིད་དང་ཡུལ་དེ་གའི་ས་ཆུ་ལེགས་སུ་གཏོང་ཐུབ་པ་མ་ཟད། ཡུལ་དེའི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་ཡོད། ཁ་ལུའུ་གཙང་པོའི་ཆུ་རགས་ཆེན་པོ་སྤྱོད་འགོ་ཚུགས་རྗེས་ཆུ་གསོག་དང་ཞིང་ཆུ་གཏོང་བའི་ནུས་པས་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་མི་དམན་པ་ཐོན་རྒྱུ་རེད། གཞན་ཡང་དེ་ཉིན་མཉམ་དུ་སྤྱོད་འགོ་ཚུགས་པའི་ལཱ་ཀེ་ལེ་གྲོང་རྡལ་ཆུང་ངུས་ཆུ་མཛོད་ཁུལ་གྱི་གནས་སྤོས་ཡུལ་མི་གཞིས་ཆགས་བྱེད་པར་བསུ་བ་ཞུ་རྒྱུ་རེད།

    ཁ་ལུའུ་གཙང་པོའི་ཆུ་རགས་ཆེན་པོ་ནི་ཀྲུང་གོས་སི་རི་ལན་ཁར་བསྐྲུན་པའི་དམངས་འཚོའི་རྣམ་གྲངས་ཆེ་གྲས་མང་པོའི་ཁྲོད་ཀྱི་བསྡུས་རིས་ཤིག་རེད། ཉིན་ཤས་གོང་ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་འགན་འཁུར་བའི་སི་རི་ལན་ཁའི་ལྷོ་རྒྱུད་ལྕགས་ལམ་རྣམ་གྲངས་ཐོག་ཚོད་ལྟའི་ངང་མེ་འཁོར་གཏོང་འགོ་ཚུགས་ཡོད། དེ་ནི་སི་རི་ལན་ཁར་1948ལོར་རང་བཙན་ཐོབ་ཚུན་གསར་དུ་བསྐྲུན་པའི་ལྕགས་ལམ་དང་པོ་དེ་ཡིན། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་རྣམ་གྲངས་ཨ་མ་ཡིན་པའི་ཧན་པེན་ཐུའོ་ཐ་གྲུ་ཁའི་ལས་སྒོ་ཀྲུང་སི་མ་རྩ་མཉམ་འཇོག་ཁེ་ལས་ཀྱིས་གཉེར་སྐྱོང་དང་། གྲུ་ཁའི་ཡོང་འབབ་ཀྲུང་སི་ཕྱོགས་གཉིས་པོས་མཉམ་སྤྱོད་བྱེད་ཀྱི་ཡོད་ཅིང་། དེས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་པ་མ་ཟད། ལས་ཞུགས་ཀྱི་གོ་སྐབས་ཀྱང་འབོར་ཆེན་བཏོད་ཡོད།

    ཀྲུང་གོ་ཕྱོགས་ཀྱི་རྣམ་གྲངས་མང་ཆེ་བ་གྲུ་ཁ་དང་ལམ་སོགས་ཡིན་པས་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་རྣམ་གྲངས་གལ་ཆེན་ཤ་སྟག་ཡིན་པ་དང་། ཡུལ་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ཆེན་པོར་གཞིགས་པ་དང་། སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ངང་རིགས་པས་ཁུངས་སྐྱེལ་བྱས་པ་ཤིག་རེད། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་རྣམ་གྲངས་ཀྱིས་ཡུལ་དེ་གའི་མི་སེར་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྲུན་རོགས་བྱས་པ་མ་ཟད། ད་དུང་རྒྱུན་མཐུད་ངང་སི་རི་ལན་ཁའི་འབྱུང་འགྱུར་འཕེལ་རྒྱས་ལ་སྒུལ་ཤུགས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

    བསམ་པ་རྣམ་དག་དང་། ཟོལ་མེད་རོགས་རམ། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འདོད་འདུན་བཟང་པོ་དང་འབད་འཐབ་ལས་སི་རི་ལན་ཁའི་མི་དམངས་ཀྱིས་ཀྲུང་གོར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཁ་ལུའུ་གཙང་པོའི་ཆུ་རགས་ཆེན་པོ་ལ་སོགས་པའི་ཀྲུང་གོའི་ལས་གྲྭ་དག་ནི་ཀྲུང་སིའི་མཛའ་གྲོགས་ཟབ་མོ་མཚོན་པའི་བདེན་དཔང་ཞིག་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།