[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི”པར་རིས་འགྲེམས་སྟོན་ཕ་རི་སིར་གཉེར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-11

    584557_yis_1547096873170.jpg

     ཚེས་8ཉིན“འཕོ་འགྱུར་དང་ཕུགས་འདུན——ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི”པར་རིས་འགྲེམས་སྟོན་ཕ་རི་སིའི་ཁུལ་ཨང་བརྒྱད་པའི་ཤིན་ཧྭ་བརྙན་པར་བར་ཁྱམས་སུ་འགོ་ཚུགས་པ་དང་། པར་རིས་80བརྒྱུད་སྒྱུར་བཅོས་སྒོ་དབྱེ་ལས་ཀྲུང་གོར་བྱུང་བའི་འགྱུར་ལྡོག་དང་དེ་བཞིན་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་མོ་མཚོན་པར་བྱས་ཤིང་། འདི་ནི་ཟླ་1ཚེས་8ཉིན་ལྟ་སྐོར་བས་ཧྥ་རན་སེའི་ཕ་རི་སིར་གཉེར་བའི་འགྲེམས་སྟོན་ལ་ལྟ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན“འཕོ་འགྱུར་དང་ཕུགས་འདུན——ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི”པར་རིས་འགྲེམས་སྟོན་ཕ་རི་སིའི་ཁུལ་ཨང་བརྒྱད་པའི་ཤིན་ཧྭ་བརྙན་པར་བར་ཁྱམས་སུ་འགོ་ཚུགས་པ་དང་། པར་རིས་80བརྒྱུད་སྒྱུར་བཅོས་སྒོ་དབྱེ་ལས་ཀྲུང་གོར་བྱུང་བའི་འགྱུར་ལྡོག་དང་དེ་བཞིན་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་མོ་མཚོན་པར་བྱས་ཡོད།

    ད་རེས་ཀྱི་འགྲེམས་སྟོན་བརྩམས་ཆོས་ནང་ཧྲག་སྒྲུག་བྱས་པའི་པར་རིས་60དེ་དག་གིས་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་གི་མི་སེར་གྱི་འཚོ་བའི་སྣང་ཚུལ་ལ་དམིགས་ནས་དམངས་ཚོགས་དཀྱུས་མའི་འཚོ་བའི་འགྱུར་ལྡོག་དང་། དེ་བཞིན་ཀྲུང་གོ་དང་འཛམ་གླིང་དབར་གྱི་སྤེལ་རེས་མཚོན་པར་བྱས་པ་དང་། པར་རིས་20ཡིས་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་འགྲོ་འོང་ཟིན་ཐོར་བཀོད་ཡོད།

    ད་རེས་ཀྱི་པར་རིས་འགྲེམས་སྟོན་ཚེས་14ཉིན་བར་གཉེར་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།