[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གླིང་ཆེན་ཨ་ཧྥེ་རི་ཁའི་གཞོན་ནུ་ཁྲུའུ་ཁོ་ཡིས་ངས་ཀྲུང་གོར་ས་ཞིང་འདེབས་སྟངས་སྦྱོང་བཞིན་ཡོད་ཅེས་བཤད་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-21

    613252_yis_1555468521618.jpg

     འདི་ནི་ཁྲུའུ་ཁོ་ཧུའུ་ནན་ཞིང་ལས་སློབ་ཆེན་གྱི་རྒྱལ་སྒོ་དོན་བཞིན་པ།

    613251_yis_1555468521478.jpg

    འདི་ནི་ཁྲུའུ་ཁོ་ཡིས(མདུན་གྱི་གཡས)ཧུའུ་ནན་ཞིང་ལས་སློབ་ཆེན་གྱི་སློབ་ཁང་ནང་སློབ་ཚན་ཉན་བཞིན་པ།

    613253_yis_1555468521743.jpg

     འདི་ནི་ཁྲུའུ་ཁོ་ཡིས(གཡས)ཧུའུ་ནན་ཞིང་ལས་སློབ་ཆེན་ཞིང་ལས་འཕྲུལ་ཆས་ཅན་བཟོ་སྐྲུན་གྱི་དངོས་སྦྱོང་ལྟེ་གནས་སུ་ལག་རྩལ་པ་ཁྲེང་ཁྲང་ཀོང་གི་ས་ནས་འཕྲུལ་འཁོར་ཨ་མ་བཀོལ་སྤྱོད་བྱེད་སྟངས་སྦྱོང་བཞིན་པ།

    ལོ་25ལ་སླེབས་པའི་ཁྲུའུ་ཁོ་ཁེ་མའེ་ལུང་ནས་ཡིན་པ་དང་ཧུའུ་ནན་ཞིང་ལས་སློབ་ཆེན་བཟོ་ལས་སློབ་གླིང་ཞིང་ལས་འཕྲུལ་ཆས་ཅན་བཟོ་སྐྲུན་ཆེད་ལས་སུ་ཞིབ་འཇུག་སློབ་མའི་སློབ་གནས་སྦྱོང་བཞིན་ཡོད་པ་རེད། ཉེ་བའི་ལོ་ཤས་ནང་ཀྲུང་གོའི་ཁེ་ལས་མི་ཉུང་བ་ཞིག་གིས་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་དང་སྒྲིག་ཆས་ཁེ་མའེ་ལུང་དུ་འཁྱེར་ནས་ཁྲུའུ་ཁོའི་ཕ་ཡུལ་དུ་ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་བྱེད་རོགས་བྱེད་ཀྱི་ཡོད་པ་རེད། ཀྲུང་གོའི་དེང་རབས་ཅན་གྱི་ཞིང་ལས་ཚན་རྩལ་སྟོབས་ཤུགས་ཆེན་པོ་ཡོད་པ་མིག་མཐོང་ལག་ཟིན་བྱུང་བས་ཁྲུའུ་ཁོས་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་རྒྱུའི་སེམས་ཐག་བཅད་པ་རེད།

    ཧུའུ་ནན་ཞིང་ལས་སློབ་ཆེན་དུ་ཁྲུའུ་ཁོ་ཡིས་གཙོ་བོ་ཞིང་ལས་འཕྲུལ་ཆས་ཅན་དང་། དེང་རབས་སྐྱེ་དངོས་རིག་པ། དེང་རབས་ཞིང་ལས་གཉེར་སྐྱོང་དོ་དམ། ཞིང་ལས་ཚན་རྩལ་ཁྱབ་གདལ་སོགས་ཆེད་ལས་སློབ་ཚན་སྦྱངས་པ་དང་ཀྲུང་གོར་སློབ་སྦྱོང་ལོ་གཉིས་བྱེད་རིང་ཁྲུའུ་ཁོ་ཡིས་རྒྱ་སྐད་བདེ་པོ་ཞིག་རྒྱག་ཐུབ་པ་མ་ཟད་ད་དུང་ཞིང་ལས་སྒྲིག་ཆས་20ལྷག་ཙམ་བཀོལ་སྤྱོད་ཐུབ་པ་དང་ཞིང་ལས་ཆ་འཕྲིན་ཅན་དོ་དམ་བྱེད་སྟབས་ཁོང་དུ་ཆུད་དེ་མཉམ་འདྲེས་རྣམ་པའི་དེང་རབས་ཅན་གྱི་ཞིང་ལས་ཤེས་ལྡན་མི་སྣར་རིམ་བཞིན་གྱུར་ཡོད། ཁྲུའུ་ཁོ་ཡིས་ཁེ་མའེ་ལུང་དུ་ལོག་རྗེས་ཀྲུང་གོ་ནས་སྦྱངས་པའི་ཤེས་བྱ་དག་ཕ་ཡུལ་གྱི་ཞིང་ལས་ཐོན་སྐྱེད་ཁྲོད་སྤྱོད་ཐུབ་པ་བྱས་ཏེ་གླིང་ཆེན་ཨ་ཧྥེ་རི་ཁའི་ཞིང་པ་གསར་པ་ཞིག་བྱ་རྒྱུ་ཡིན་ཞེས་བཤད།

    ཉེ་བའི་ལོ་ཤས་ནང་། གླིང་ཆེན་ཨ་ཧྥེ་རི་ཁའི་ཕྱི་སྦྱོང་སློབ་མ་དེ་བས་མང་བ་ཧུའུ་ནན་གྱི་མཐོ་སློབ་ཁག་ཏུ་སློབ་སྦྱོང་བྱེད་པར་ཡོང་བའི་ཆེད་ལས་ནང་ཞིང་ལས་རིག་པ་དང་། གསོ་བ་རིག་པ། བཟོ་ཚོང་དོ་དམ། ཨར་ལས་སོགས་ཡོད་པ་རེད། ཁོང་ཚོས་ཆེད་ལས་ཤེས་བྱ་སྦྱོང་ཞོར་དུ་ཀྲུང་གོའི་རིག་གནས་ཀྱི་ཡིད་དབང་འགུག་ཤུགས་ཚོར་ནས་ཀྲུང་གོའི་དགེ་སློབ་དབར་མཛའ་མཐུན་ཟབ་མོ་བྱུང་ཡོད་ཅིང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།