[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དབྱིན་ཇིའི་དཔོན་རིགས་ཀྱིས།

    ཀྲུང་གོ་དང་ལྗང་མདོག་འཕེལ་རྒྱས་ཐད་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བརྗོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-13

    ཉིན་ཤས་གོང་། དབྱིན་ཇིའི་རྒྱལ་སྤྱིའི་ཚོང་དོན་པུའི་རྒྱུན་ལས་དྲུང་ཡིག་ཨན་ཏུང་ཉི་ཡཱ་·ལུའོ་སྨི་ཨོའུ་ཡིས། དབྱིན་ཇི་2019ལོའི་ཀྲུང་གོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་དངོས་མང་སྟོན་ཚོགས་ལ་ཞུགས་པ་འདི་ནི་དབྱིན་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ལྗང་མདོག་འཕེལ་རྒྱས་དང་། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་པ་ཡོད་ཅེས་བརྗོད་པ་རེད།

    དབྱིན་ཇིའི་རྒྱལ་སྤྱིའི་ཚོང་དོན་པུའུ་ནི་སྐབས་འདིའི་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་དངོས་མང་སྟོན་ཚོགས་ལ་ཞུགས་པའི་དབྱིན་ཇི་ཕྱོགས་ཀྱི་རྣམ་གྲངས་གཙོ་བོའི་འགན་འཁུར་སྡེ་ཚན་གྲས་ཤིག་རེད། ལུའོ་སྨི་ཨོའུ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། དབྱིན་ཇིའི་སྐྱེད་ཚལ་ལ་དོ་ཁུར་ཆེན་པོ་ཐོབ་ཡོད་དེ། ཉིན་4ཙམ་ནང་ལྟ་སྐོར་བ་མི་གྲངས་ཁྲི་3ཙམ་གྱི་ཡིད་དབང་བཀུག་ཡོད། པེ་ཅིང་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་དངོས་མང་སྟོན་ཚོགས་ནི་སྐྱེད་ཚལ་སྒྱུ་རྩལ་ཐད་ཀྱི་དབྱིན་ཇིའི་ཆེད་ལས་ཆུ་ཚད་དང་དེ་བཞིན་ལྗང་མདོག་གསར་གཏོད་ནུས་པ་མངོན་པར་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཡིན། “དབྱིན་ཇིས་པེ་ཅིང་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་དངོས་མང་སྟོན་ཚོགས་བརྒྱུད་འཛམ་གླིང་ཡོངས་དང་ཀྲུང་གོར་འདིའི་ཐད་ཀྱི་དབྱིན་ཇིའི་ནུས་པ་མངོན་ཐུབ་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

    ལུའོ་སྨི་ཨོའུ་ཡིས། དབྱིན་ཇིས་རྒྱུན་མཐུད་འཕེལ་རྒྱས་དང་རྒྱུན་མཐུད་ཞིང་ལས་སོགས་ལྗང་མདོག་ཚན་རྩལ་ཐད་གོ་ལ་ཧྲིལ་པོའི་སྣེ་ཁྲིད་པ་བྱ་རྒྱུར་ཤུགས་རྒྱག་བཞིན་ཡོད་པས། ཀྲུང་གོ་དང་མཉམ་ལས་བྱེད་རེ་ཡོད་ཅེས་བརྗོད་པ་རེད།

    ལུའོ་སྨི་ཨོའུ་ཡིས། “ང་ཚོས་མཉམ་ལས་བྱས་ནས་རོགས་ཟླའི་འབྲེལ་བ་ཆགས་པར་བྱས་ཏེ། བཙོག་འབུད་ཉུང་གཏོང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་འཛམ་གླིང་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་འབུལ་ཆོག”ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།