[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱུད་གཅིག་ལམ་གཅིག”ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

    ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་ཀྱིས་སླར་ཡང་མདུན་ཕྱོགས་སུ་བསྐྱོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-26

    ཨ་སི་ཐ་ནའི་དཔལ་འབྱོར་གླེང་སྟེགས་སྐབས་བཅུ་གཉིས་པ་དང་ཀྲུང་ཧའི་ས་གནས་ཀྱི་མཉམ་ལས་གླེང་སྟེགས་སྐབས་གཉིས་པ་ཉེ་དུས་ཧ་སག་སི་ཐན་གྱི་ཨ་ལ་མུའུ་ཐུའུ་དང་ནུའར་སུའུ་ཏན་དུ་འཚོག་རྒྱུ་རེད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་རྗེས་ཀྱི་ལོ་6ཙམ་རིང་། ཀྲུང་ཧའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་ཁྱབ་རྒྱ་མུ་མཐུད་ཆེ་རུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་མཐོང་ཐུབ་པ་དང་ཚོར་ཐུབ་པའི་གྲུབ་འབྲས་ཐོབ་ཡོད། ད་ཐེངས་ཀྱི་གླེང་སྟེགས་གཉིས་ཁྲོད་ཀྲུང་ཧའི་འཐུས་མིས་དངོས་སྒྲུབ་ཀྱི་སྙིང་སྟོབས་མུ་མཐུད་མཐའ་འཁྱོངས་བྱས་ཏེ་ཀྲུང་ཧ་རྒྱལ་ཁབ་གཉིས་ཀྱི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་འཆར་གཞི་ཞིབ་ཕྲ་བཟོ་རྒྱུ་རེད།

    ཐག་རིང་གི་གཉེན་ལས་ཐག་ཉེའི་ཁྱིམ་མཚེས་དགའ། ཀྲུང་ཧའི་འབྲེལ་བ་ད་ཕན་ལོ་ཤས་རིང་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་མདུན་ཕྱོགས་སུ་སྤོ་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ལས་ཀའི་འབྲེལ་བ་དང་མི་སྒེར་གྱི་མཛའ་གྲོགས་འབྲེལ་བ་ཟབ་མོ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ཆེད་སྣེ་ཁྲིད་བྱས་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་འདོན་ས་ཐོག་མ་དང་ནུབ་ཕྱོགས་ལ་འཛུགས་སྐྲུན་བྱེད་པའི་མངའ་ཁོངས་ཕྱིའི་ས་ཚིགས་ཐོག་མ་ཡིན་པའི་ཧ་སག་སི་ཐན“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཡོད། 2016ལོར་ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”འཛུགས་སྐྲུན་དང“འོད་ཟེར་ལམ་བུའི”དཔལ་འབྱོར་སྲིད་ཇུས་གསར་པའི་སྦྲེལ་མཐུད་མཉམ་ལས་འཆར་འགོད་སྐོར་ལ་མིང་རྟགས་བཀོད་ཡོད། མིག་སྔར་ཀྲུང་ཧས་ལོ་འཁོར་མོ་ཕྱོགས་གཉིས་སུ་ཕྱེ་བའི་འགག་སྒོ་5དང་། སྣུམ་རླངས་ས་ཁོངས་སྒྲོལ་བའི་སྐྱེལ་འདྲེན་མདོང་ལམ་5རྒྱལ་སྤྱིའི་མཐའ་མཚམས་མཉམ་ལས་ལྟེ་གནས་1བཅས་ཤར་གཏོང་བྱས་པ་དང“ཧོའར་ཀོའོ་སི་ནས་ཤར་རྒྱལ་སྒོ་ཆེན་པོ་བར”གྱི་དཔལ་འབྱོར་དམིགས་བསལ་ཁུལ་གྱི་ཆུ་མེད་གྲུ་ཁ་དང“ཡོ་རོབ་ནུབ་རྒྱུད་ནས་ཀྲུང་གོའི་ནུབ་རྒྱུད”བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ཀྱི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་གཉེར་ཡོད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གཏིང་ཟབ་བྱས་པ་དང་སྦྲགས་ད་ཆ་ལྕགས་ལམ་6དང་གཞུང་ལམ་11ཧ་སག་སི་ཐན་གྱི་རྒྱལ་ཁོངས་སྒྲོལ་བ་དང་ཀྲུང་ཧའི་ལན་ཡུན་ཀང་གྲུ་ཁའི་ཟོག་འགྲེམས་མཉམ་ལས་རྟེན་གཞི་ཧ་སག་སི་ཐན་ཞི་བདེ་རྒྱ་མཚོ་ཆེ་མོར་ཐད་ཀར་འབྱོར་བའི་མཚོར་བགྲོད་གྲུ་ཁར་གྱུར་ཡོད།

    མིག་སྔར། ཀྲུང་ཧ་རྒྱལ་ཁབ་གཉིས་ཀྱིས་དོན་འཁྱོལ་བྱེད་བཞིན་པའི་ཕྱོགས་གཉིས་པོའི་མཉམ་ལས་མ་འཇོག་རྣམ་གྲངས་55ཟིན་པ་དེར་བཟོ་ལས་དང་། བཟོ་སྐྲུན་ལས་རིགས། ཤ་རིགས་དང་འབྲུ་རིགས་ལས་སྣོན་སོགས་ཀྱི་ཁྱབ་ཁོངས་མང་པོ་ཚུད་ཡོད། ཧ་སག་སི་ཐན་གྱི་གློག་འབྱེད་ཧ་ཡང་བཟོ་གྲྭ་དང་པོ་དང་། གློག་ཁང་ཆེ་གྲས་དང་པོ། ཆི་མུའུ་ཁེན་ཐེ་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་སོགས་ཀྲུང་ཧའི་མཉམ་ལས་རྣམ་གྲངས་ཆར་རྗེས་མྱུ་གུ་འབུས་པ་བཞིན་ཐོན་ནས་སྤྱོད་འགོ་ཚུགས་ཡོད།

    ཀྲུང་ཧ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་དང་། 2018ལོའི་ལོ་མཇུག་བར་ཀྲུང་གོས་ཧ་སག་སི་ཐན་ལ་རིགས་ཁག་གི་མ་འཇོག་ཁྱོན་ཨ་སྒོར་དུང་ཕྱུར་293བྱས་ཡོད། རྒྱལ་ཁབ་དབར་གྱི་སྤེལ་རེས་དེ་དམངས་ཀྱི་བརྩེ་སེམས་ལ་ཐུག་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཤིག་ཡིན་ལ་དམངས་སེམས་ཀྱི་བརྩེ་བ་ཟབ་ཏུ་གཏོང་བའི་སྦྲེལ་ཟམ་ཞིག་དེ་བས་ཡིན།

    ཀྲུང་ཧ་རྒྱལ་ཁབ་གཉིས་ཀྱི“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ཀྲུང་ཧ་རྒྱལ་ཁབ་གཉིས་ཀྱི་མཉམ་དུ་པར་བླངས་པའི་གློག་བརྙན《རོལ་དབྱངས་མཁས་ཅན》ཞེས་པ་ཟླ་འདིའི་ཚེས་17ཉིན་ནས་བཟུང་ཀྲུང་གོ་དང་ཧ་སག་སི་ཐན་དུ་སྟོན་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།