[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གཞོན་ནུའི་མིག་ནང་གི་ཨེ་ཤེ་ཡའི་སྣ་མང་ཤེས་དཔལ།

    —— སངས་རྒྱས་ཀྱིས་འབྲུག་ཡུལ་གྱི་རིག་གནས་ངོམས་ནས་ཨེ་ཤེ་ཡའི་ཤེས་དཔལ་གྱི་སྣ་མང་རང་བཞིན་ཉམས་ལེན་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-26

     

    624361_yis_1558415871910_b.jpg


    འདི་ནི་སངས་རྒྱས་ཀྱིས་སློབ་གྲྭའི་ནང་ཁོང་གི་ཨ་མས་ཁོང་ལ་བཟོས་པའི་འབྲུག་ཡུལ་གྱི་སྲོལ་རྒྱུན་གྱི་གྱོན་གོས་ངོམས་བཞིན་པ།

    ཉིན་ཤས་གོང་། ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་པེ་ཅིང་དུ་འགོ་ཚུགས་པ་དང་། ཚོགས་ཆེན་གྱི་ཡན་ལག་གླེང་སྟེགས་ཀྱི་ཆ་སྒྲིག་བྱེད་སྒོ་ཡིན་པའི་ངོས་ནས“གཞོན་ནུའི་མིག་ནང་གི་ཨེ་ཤེ་ཡའི་སྣ་མང་ཤེས་དཔལ”ཞེས་པའི་པར་ལེན་བརྩམས་ཆོས་འགྲེམས་སྟོན་ཡང་ཚོགས་འདུའི་རིང་སྤེལ་བ་རེད། འགྲེམས་སྟོན་ཐོག་ཨེ་ཤེ་ཡའི་གཞོན་ནུས་པར་བླངས་པའི་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་པར་རིས་གདམ་སྒྲུག་ཞིབ་ཚགས་བྱས་ནས། ཨེ་ཤེ་ཡའི་ཤེས་དཔལ་གྱི་སྣ་མང་རང་བཞིན་ཐད་ཀར་མངོན་པར་བྱས་ཏེ་རང་བྱུང་ཡུལ་ལྗོངས་དང་། ཡུལ་སྲོལ་གོམས་གཤིས། མི་ཆོས་བརྩེ་སེམས་སོགས་ཀྱི་ཐད་ནས་གཞོན་ནུ་རྣམས་ཀྱིས་ཨེ་ཤེ་ཡའི་ཤེས་དཔལ་གྱི་མྱོང་བ་མཚོན་པར་བྱས་ཡོད།

    འབྲུག་ཡུལ་གྱི་གཞོན་ནུ་སངས་རྒྱས་ཀྱིས་པར་བླངས་པའི་རང་རྒྱལ་ཁབ་ཀྱི་ཞིང་ལས་པར་རིས་དེ་ཐེངས་འདིའི་པར་ལེན་བརྩམས་ཆོས་འགྲེམས་སྟོན་ནང་ཚུད་པ་རེད།

    “ངས་པར་དེ་འདེམས་དོན་ནི་རང་ཉིད་ཀྱིས་དགའ་པོ་ཡོད་པ་མ་ཟད། འབྲུག་ཡུལ་ནི་ཞིང་ལས་རྒྱལ་ཁབ་ཅིག་ཡིན་པ་དང་པར་རིས་ལས་རྒྱལ་ཁབ་ཀྱི་ཁྱད་ཆོས་མངོན་གྱི་ཡོད”ཅེས་བརྩམས་ཆོས་པར་ལེན་བྱེད་སྐབས་ཕྱིར་དྲན་བྱེད་བཞིན་སངས་རྒྱས་ཀྱིས་དེ་ལྟར་བཤད།

    དེ་སྔོན་འབྲུག་ཡུལ་དུ་ཡུལ་སྐོར་དོ་དམ་སློབ་སྦྱོང་བྱེད་མྱོང་བའི་སངས་རྒྱས་མིག་སྔར་པེ་ཅིང་སྐད་རིགས་སློབ་ཆེན་དུ་རྒྱ་ཡིག་སྦྱོང་བཞིན་ཡོད། མ་འོངས་པའི་འཆར་གཞི་གླེང་སྐབས། ཡིད་ཆེས་རབ་ཏུ་འཕེལ་བའི་ཁོང་ཕྱིར་རང་རྒྱལ་ཁབ་ཏུ་ལོག་ནས་ལས་གཏོད་བྱས་ཏེ་རང་ཉིད་ཀྱི་ཡུལ་སྐོར་ཀུང་སི་ཞིག་འཛུགས་རྒྱུའི་འཆར་གཞི་ཡོད་པ་མ་ཟད། ཀྲུང་གོའི་ཡུལ་སྐོར་ལས་དོན་ཁང་དང་མཉམ་ལས་བྱེད་རེ་བྱེད་ཀྱི་འདུག

    ཀྲུང་གོར་སྤེལ་བའི་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་སྐོར་གླེང་སྐབས། ལོ་33ལ་སླེབས་པའི་འབྲུག་ཡུལ་གྱི་ཕོ་གཞོན་དེས“མི་མང་པོ་ཞིག་གིས་འབྲུག་ཡུལ་རྒྱལ་ཁབ་ལ་རྒྱུས་མངའ་མེད། ཐེངས་འདིའི་ཚོགས་ཆེན་གྱིས་འབྲུག་ཡུལ་གྱི་རིག་གནས་འགྲེམས་སྟོན་བྱས་པར་ཐུཌ་རྗེ་ཆེ་ཞུ་རྒྱུ་དང་། ཆབས་ཅིག ཚོགས་ཆེན་ཐོག་རྒྱལ་ཁབ་མང་པོ་མཉམ་འཛོམས་བྱུང་བས་ངས་ཨེ་ཤེ་ཡའི་ཤེས་དཔལ་གྱི་སྣ་མང་རང་བཞིན་མཐོང་བྱུང”ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།