[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁེན་ནི་ཡའི་མཁས་དབང་གིས།

    ​ “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་གོ་སྐབས་ཐོབ་ཡོད་ཅེས་བརྗོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-26

     ཁེན་ནི་ཡའི་ནེ་རོ་པི་སློབ་ཆེན་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཁས་དབང་ཀའེ་ཙི་ཞུང་·དབྱི་ཅི་ཡཱ་ལས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། མིག་སྔར་ཨ་ཧྥེ་རི་ཁ་འདི་ཉིད་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་ཐོག་མའི་དུས་མཚམས་སུ་གནས་ཡོད་པ་དང་། ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་གོ་སྐབས་ཐོབ་ཡོད་ཅེས་བརྗོད།

    དབྱི་ཅི་ཡཱ་ལས“རྒྱུད་གཅིག་ལམ་གཅིག”གི་རྣམ་གྲངས་ཀྱིས་ཉེ་བའི་ལོ་ཤས་རིང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་མང་པོ་ཞིག་བྱུང་ཡོད། ཁེན་ནི་ཡར་ཆ་མཚོན་ན་ཁེན་ཀྲུང་མཉམ་ལས་ཀྱི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་པའི་མོང་ནེ་ལྕགས་ལམ་གྱིས་ཁེན་ནི་ཡའི་མི་དམངས་ལ་འགྲོ་བསྐྱོད་ཐད་སྟབས་བདེ་ཆེན་པོ་བསྐྲུན་པ་དང་ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་བཏོད་པ་མ་ཟད། ལྕགས་ལམ་ལམ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་གསོན་ཤུགས་གསར་པ་ཞིག་ཀྱང་བསྣན་ཡོད་ཅེས་བརྗོད།

    དབྱི་ཅི་ཡཱ་ལས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྤུས་ཚད་དེ་བས་ཡག་པ་དང་། རིན་གོང་དེ་བས་ཁེ་བ། ཕན་ནུས་དེ་བས་ཆེ་བ། དངུལ་བུན་གཏོང་སྟངས་དེ་བས་སྟབས་བདེ་བ་བཅས་ཀྱི་རྨང་གཞིའི་འཛུགས་སྐྲུན་དང་ཞབས་ཞུའི་རྣམ་གྲངས་མཁོ་འདོན་བྱས་ཡོད། གྲོལ་མ་ཐག་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པའི་གཞི་ཁྱོན་ལ་བལྟས་ཚེ་གོ་ལ་ཧྲིལ་པོའི་མིག་རྒྱང་ལྡན་པའི་གྲོས་འགོ་དེར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ཁས་ལེན་དང་དགའ་བསུ་ཐོབ་བཞིན་ཡོད་ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།