[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དབྱང་ཀྲོའུ་གནའ་བོའི་སྒྲ་སྙན་གྱི་སྐོར་སྐྱོད་འཁྲབ་སྟོན་བྱས་ཏེ་ཀྲུང་གོ་དང་རོ་མ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-13

     དུས་ཡུན་ཉིན་གསུམ་གྱི“རོ་མ་ཉི་ཡར་གནའ་བོའི་སྒྲ་སྙན་དཀྲོལ”ཞེས་པའི་ཀྲུང་གོ་དང་རོ་མ་ཉི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གནའ་བོའི་སྒྲ་སྙན་གྱི་སྐོར་སྐྱོད་འཁྲབ་སྟོན་ཚེས་9ཉིན་རོ་མ་ཉི་ཡའི་དབུས་རྒྱུད་ཀྱི་ཤིས་པེ་ཝུ་གྲོང་ཁྱེར་དུ་མཇུག་འགྲིལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོ་ཤིས་པེ་ཝུ་ཁུང་ཙི་སློབ་གླིང་དང་དབྱང་ཀྲོའུ་གནའ་བོའི་སྒྲ་སྙན་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཏེ་བྱེད་ཐབས་སྣ་མང་ལ་བརྟེན་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་སྟོན་པ་རེད།

    ཚེས་7ཉིན་རོལ་དབྱངས་འདུ་ཚོགས་དེ་ཤིས་པེ་ཝུ་ཐ་ལི་ཡ་ཟློས་གར་ཁང་དུ་འགོ་ཚུགས་ཤིང། ཀྲུང་གོའི་རྒྱལ་ཁབ་རིམ་པའི“མངོན་མིན་རིག་གནས་ཤུལ་བཞག”གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་མཱ་ཝེ་ཧུང་གིས་ཚབ་བྱས་པའི་སྒྱུ་རྩལ་པ་ཚོས་ས་གནས་དེའི་དམངས་ཚོགས་ལ་སྙན་འཇེབས་ལྡན་པའི་ཀྲུང་གོའི་སྲོལ་རྒྱུན་རོལ་དབྱངས་ཀྱི་སྟོན་མོ་ཞིག་བཤམས་པ་རེད།

    འཁྲབ་སྟོན་བྱེད་རིང་། མཱ་ཝེ་ཧུང་སོགས་སྒྱུ་རྩལ་མཁས་པས་ཤིས་པེ་ཝུ་སློབ་ཆེན་གྱི་རྩོམ་རིག་སློབ་གླིང་དུ་རྒྱལ་སྲོལ་འཆད་ཁྲིད་བྱས་ནས་འགྲེལ་བཤད་དང་འཁྲབ་སྟོན་ཟུང་དུ་འབྲེལ་ཏེ་རོ་མ་ནི་ཡའི་དམངས་ཚོགས་ཀྱིས་ཀྲུང་གོའི་གནའ་བོའི་སྒྲ་སྙན་རིག་གནས་དང་དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་གཞན་ཤེས་རྟོགས་ཟབ་མོ་ཐུབ་པ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།