[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པར་རིས་སྣེ་འཛོམས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-24

    རྐང་འཁོར་གྱི“གཞུ་དབྱིབས་ཟམ་པ”བཟོས་ནས་ཧྥ་རན་ སེ་བསྐོར་བའི་འགྲན་བསྡུར་བསུས་པ། 

    633889_yis_1560846667332_s.jpg

    “གཞུ་དབྱིབས་ཟམ་པ”དེར་ཞེང་ཚད་སྨི་14དང་མཐོ་ཚད་སྨི་8ཡོད་པ་དང་། རྐང་འཁོར་སེར་པོ་མང་པོ་ཞིག་ལས་གྲུབ་པ་དེ་ནི་ཀ་ཀྲ་ཝུའེ་ཨའེ་·སྨི་ནཱར་གྱིས་ཟླ་7ཚེས་6ཉིན་པུ་རུ་སེར་དུ་འགོ་ཚུགས་པའི་སྐབས་106གི་ཧྥ་རན་སེ་བསྐོར་བའི་རྐང་འཁོར་འགྲན་བསྡུར་བསུ་ཆེད་གསར་གཏོད་བྱས་ཤིང་། འདི་ནི་པེར་ཀྲེམ་གྱི་རྒྱལ་ས་པུ་རུ་སེར་ནས་པར་བླངས་པའི་སྒྱུ་རྩལ་མཁས་ཅན་ཀ་ཀྲ་ཝུའེ་ཨའེ་·སྨི་ནཱར་གྱིས་གསར་གཏོད་བྱས་པའི་རྐང་འཁོར་ལས་གྲུབ་པའི“གཞུ་དབྱིབས་ཟམ་པ”ཡིན་པ།

    པ་ལི་གླིང་ཕྲན་གྱི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།

    633885_yis_1560846666536_s.jpg

     ཉིན་ཤས་གོང་། ལོ་གཅིག་དུས་གཅིག་གི་པ་ལི་གླིང་ཕྲན་གྱི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ་དང་སྐབས་འདིའི་སྒྱུ་རྩལ་དུས་ཆེན་ཟླ་7ཚེས་14ཉིན་བར་རྒྱུན་མཐུད་ངང་གཉེར་རྒྱུ་ཡིན་ཞིང་། འདི་ནི་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་འཁྲབ་སྟོན་པ་ཚོས་སྒྱུ་རྩལ་དུས་ཆེན་གྱི་ཁྲོམ་སྐོར་ནང་ཞུགས་བཞིན་པ།

    ཧོ་ལན་གྱི་གྲོང་ཁྱེར་གྱི་ལྗང་མདོག་འཚོ་བ།

    633884_yis_1560846666333_s.jpg

    རྒྱུན་ཆད་མེད་པར་གསར་སྒྱུར་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འཐབ་ཇུས་དང་རྒྱུན་མཐུད་ངང་ཞིབ་ཚགས་སུ་བཏང་བའི་སྲིད་ཇུས་བྱ་ཐབས་དང་རྣམ་གྲངས་ལག་བསྟར་བརྒྱུད་ཧོ་ལན་ལ་ལྗང་མདོག་གྲོང་ཁྱེར་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཧོ་ལན་གྱི་ས་ཁུལ་མང་པོས་ཁྱོན་ཡོངས་ཀྱི་རྣམ་པའི་ཐོག་ནས་འགྲིམ་འགྲུལ་དང་། ནུས་རྒྱུ། བཟོ་སྐྲུན། ཆུའི་ཐོན་ཁུངས། གད་སྙིགས་བཅས་ཀྱི་མ་ལག་ལེགས་སུ་གཏོང་བ་དང་གྲོང་ཁྱེར་གྱི་ནུས་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ལྗང་མདོག་སྡོད་མལ་གྱི་གྲོང་ཁྱེར་བཏོད་ཅིང་། འདི་ནི་ཧོ་ལན་གྱི་རྒྱལ་ས་ཨམ་སི་ཐེ་ཏམ་གྱི་མཛེས་ལྗོངས་ཡིན་པ།

    ལ་ཐེ་ཝེ་ཡའི་རྒྱལ་སྤྱིའི་བྱེ་བརྐོས་དུས་ཆེན་གཉེར་བ།

    633888_yis_1560846667160_s.jpg

    སྐབས་འདིའི་རྒྱལ་སྤྱིའི་བྱེ་བརྐོས་དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“གནའ་རབས་ཀྱི་འཛམ་གླིང”ཞེས་པ་དེ་ཡིན་པ་དང་། ལ་ཐེ་ཝེ་ཡ་དང་། ཨུ་རུ་སུ། ཡུག་རེན། ལི་ཐུ་ཝན། ཨ་རི་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོའི་བྱེ་བརྐོས་བརྩམས་ཆོས་འགྲེམས་སྟོན་ནང་ཞུགས་ཡོད་པ་དང་ཁྱོན་བྱེ་མ་ཏུན་1200ལྷག་ཙམ་བེད་སྤྱོད་བྱས་ཡོད་པ་རེད། འདི་ནི་ལ་ཐེ་ཝེ་ཡའི་ཡེར་ཅ་ཝར་གཉེར་བའི་སྐབས་13པའི་རྒྱལ་སྤྱིའི་བྱེ་བརྐོས་དུས་ཆེན་ཐོག་ནས་པར་བླངས་པའི་བྱེ་བརྐོས་བརྩམས་ཆོས་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།