[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2019ལོའི་འཛམ་གླིང་གི་སྦྲག་འཛིན་ཉར་ཚཌ་འགྲེམས་སྟོན་ཐོག་ཀྲུང་གོའི་འགྲེམས་རྫས་ལ་བྱ་དགའ་མང་པོ་ཐོབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-24

    ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་2019ལོའི་འཛམ་གླིང་སྦྲག་འཛིན་ཉར་ཚགས་འགྲེམས་སྟོན་ཐོག་རྒྱལ་ཁབ་དང་ས་ཁུལ་85ཡི་སྦྲག་འཛིན་ཉར་ཚགས་དེབ་4683འགྲེམས་སྟོན་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། ཉེ་ཆར་འཚོགས་པའི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ཀྲུང་གོའི་2019ལོའི་འཛམ་གླིང་གི་སྦྲག་འཛིན་ཉར་ཚགས་འགྲེམས་སྟོན་གྱི་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། སྦྲག་འཛིན་ཉར་ཚགས་དེབ་156ལ་བྱ་དགའ་ཆེན་པོ་ཐོབ་པ་དང་ཀྲུང་གོའི་འགྲེམས་རྫས་ལ་བྱ་དགའ་མང་པོ་ཐོབ་ཡོད་པ་རེད།

    རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏའེ་དབྱིང་ཅུན་གྱིས། ད་ཐེངས་ཀྱི་སྦྲག་འཛིན་འགྲེམས་སྟོན་གྱི་འགྲན་བསྡུར་རིགས་ཀྱི་འགྲེམས་རྫས་ནང་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཕྱི་ནང་གི་ཕུལ་བྱུང་བརྩམས་ཆོས་ཁག་གཅིག་བསྡུ་རུབ་བྱས་པ་དེ་ལྟད་མོ་བའི་མིག་གི་ལོངས་སྤྱོད་དུ་གྱུར་ཡོད། ལྷག་པར་དུ་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཀྲུང་གོའི་སྦྲག་སྲིད་ཀྱིས་འགྲེམས་སྤེལ་བྱས་པའི་སྦྲག་འཛིན་ཆ་ཚང་1358ཀྱི་རྐང་4510ཐེངས་དང་པོར་གཅིག་སྡུད་ཐོག་སྟོན་པས་རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་ཚོར་མཐོང་ཐོས་གསར་པ་ཞིག་བྱུང་ཡོད་ཅེས་ངོ་སྤྲོད་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།