[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཆེད་བཟོས་འཁྱཌ་སྒམ་ལས་ཨེ་ཙེ་ཨོ་ཕི་ཡའི་བྱིས་པར་བློ་བདེའི་ངང་རིམས་འགོག་སྨན་ཁབ་རྒྱག་རྒྱུ་བྱུང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-24

    ● “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་བསྟུན་ནས་ཀྲུང་གོའི་ཁེ་ལས་ཁག་གཅིག་གིས“རྒྱུད་གཅིག་ལམ་གཅིག”གི་འབྲེལ་ཡོད་རྒྱལ་ཁབ་དབར་གྱི་སྨན་བཅོས་མཉམ་ལས་ལ་ཉིན་རེ་ལས་མ་འདས་པར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཁ་ཤས་ཀྱི་རིམས་འགོག་སྨན་ཁབ་ཉར་ཚགས་གནད་དོན་ཐག་གཅོད་བྱེད་བཞིན་ཡོད།

    ● ཨེ་ཙེ་ཨོ་ཕི་ཡར་ཉི་ནུས་ཀྱི་རིམས་འགོག་སྨན་ཁབ་ཉར་ཚགས་འཁྱགས་སྒམ་སྒྲིག་སྦྱོར་ལས་དོན་སྒྲུབ་མཁན་སི་ཐཱ་ཡིའུ·ཀེ་ཏེ་ཧྥ་ཡིས་མིག་སྔར་ཨེ་ཙེ་ཨོ་ཕི་ཡར་སྨན་ཁབ་རྒྱག་ས་ཁྲི་1ལྷག་ཙམ་ཡོད་པ་དང་ཉི་ནུས་ཀྱི་རིམས་འགོག་སྨན་ཁབ་ཉར་ཚགས་འཁྱགས་སྒམ་5000ལྷག་ཙམ་སྒྲིག་སྦྱོར་བྱས་ནས་ཨེ་ཙེ་ཨོ་ཕི་ཡའི་ཁྱིམ་ཚང་ཁྲི་500ཡི་ཕྲུ་གུར་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པའི་རིམས་འགོག་སྨན་ཁབ་རྒྱག་རྒྱུ་བྱུང་ཡོད།

    ཨེ་ཙེ་ཨོ་ཕི་ཡའི་དབུས་རྒྱུད་ཀྱི་ཨའོ་ལོ་སྨི་ཡཱ་ཀྲོའུ་རུ་ཀེ་ལུའེ་སི·ཐེ་ཤའོ་མེའི་པང་དུ་ཟླ་12ལ་སླེབས་པའི་ཕྲུ་གུ་དམར་འབྱར་ཞིག་ཁྱེར་ནས་ཐི་ལི་ཐི·ཀེ་པི་འཕྲོད་བསྟེན་ས་ཚིགས་སུ་ཕྲུ་གུར་རྒྱུངས་པའི་གཉན་ཚད་ནད་སྔོན་འགོག་བྱེད་པའི་རིམས་འགོག་སྨན་ཁབ་རྒྱག་པར་སླེབས་ཡོད།

    ཐེ་ཤའོ་མེས། དེ་སྔ་ཚ་གདུག་ཆེ་བའི་གནམ་གཤིས་འོག་ཕྲུ་གུ་པང་དུ་འཁྱེར་ནས་རྐང་ཐང་མར་ཉིན་གཅིག་ཙམ་སོང་བ་ན་གཞི་ནས་ཕྲུ་གུར་བདེ་འཇགས་ལྡན་ལ་གོ་ཆོད་པའི་རིམས་འགོག་སྨན་ཁབ་རྒྱག་ཐུབ། ད་ཆ་ཁྱིམ་གྱི་ཉེ་འགྲམ་དུ་ཡོད་པའི་འཕྲོད་བསྟེན་ས་ཚིགས་ནས་རིམས་འགོག་སྨན་ཁབ་རྒྱག་ཐུབ་ཀྱི་ཡོད་ཅེས་བཤད་བྱུང་།

    ཨེ་ཙེ་ཨོ་ཕི་ཡའི་ལུང་ཁུག་ས་ཁུལ་མང་པོར་གློག་དཀོན་པས་རིམས་འགོག་སྨན་ཁབ་གྲང་ཉར་བྱ་རྒྱུ་དེ་དཀའ་གནད་ཅིག་ཏུ་གྱུར་ཡོད། དེར་བརྟེན་རིམས་འགོག་སྨན་ཁབ་མང་པོ་ནུས་ལྡན་ངང་ཉར་ཚགས་བྱེད་མི་ཐུབ་པའི་དབང་གིས་སྔོན་དཔག་གི་ཕན་འབྲས་ཐོན་མི་ཐུབ་པ་དང་བྱིས་པ་མང་པོར་དུས་ཐོག་ངང་རིམས་འགོག་སྨན་ཁབ་རྒྱག་པའི་གོ་སྐབས་ཤོར་གྱི་ཡོད།

    རིམས་འགོག་སྨན་ཁབ་ཉར་ཚགས་བྱེད་པའི་དཀའ་གནད་ཐག་གཅོད་བྱེད་པའི་ཐད་ཨེ་ཙེ་ཨོ་ཕི་ཡའི་སྨན་དོན་ལས་དོན་པས་དུས་ཡུན་རིང་པོ་འབད་བརྩོན་བྱས་ཡོད། ཐི་ལི་ཐི·ཀེ་པི་འཕྲོད་བསྟེན་ས་ཚིགས་ཀྱི་ལས་དོན་མི་སྣ་མུའུ་ལུའུ་ནེ་ཧྲི·ཧེ་ལུའེ་མཱ་ཡིས་དེ་གོང་རླངས་སྣུམ་འཕྲུལ་སྒུལ་གྱིས་རིམས་འགོག་སྨན་ཁབ་ཉར་ཚགས་བྱེད་པའི་འཁྱགས་སྒམ་སྤྱོད་མྱོང་ཡོད། འཁྱགས་སྒམ་དེ་རིགས་ཀྱིས་རིམས་འགོག་སྨན་ཁབ་ཉར་ཚགས་བྱེད་པའི་དྲོད་ཚད་ཀྱི་རེ་བ་སྐོང་ཐུབ་ཀྱང་མེ་སྐྱོན་ཐོན་སླ་བ་མ་ཟད། ད་དུང་ཁོར་ཡུག་ལ་སྦགས་བཙོག་ཆེན་པོ་བཟོ་གི་ཡོད། ཕྱིས་སུ་ས་ཁུལ་ཁག་གཅིག་ལ་གློག་ཤར་གཏོང་ཐུབ་ནས་སྨན་བཅོས་སྒྲིག་བཀོད་ཀྱིས་གློག་སྒུལ་གྱི་རིམས་འགོག་སྨན་ཁབ་ཉར་ཚགས་འཁྱགས་སྒམ་སྤྱོད་འགོ་ཚུགས་ཀྱང་གློག་མཁོ་སྤྲོད་འགན་ལེན་མི་ཐུབ་པའི་དབང་གིས་འཁྱགས་སྒམ་དེ་རིགས་ཀྱིས་རྟག་ཏུ་རིམས་འགོག་སྨན་ཁབ་ཉར་ཚགས་ཀྱི་རེ་བ་སྐོང་ཐུབ་ཀྱི་མེད་ཅེས་བཤད་བྱུང་།

    མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ཨེ་ཙེ་ཨོ་ཕི་ཡའི་ཟླ་12ནས་ཟླ་23བར་གྱི་ཕྲུ་གུ་དམར་འབྱར་ནང་བྱིས་པ་38.5%ལ་མ་གཏོགས་གཞི་རྩའི་རིམས་འགོག་སྨན་ཁབ་རྒྱག་ཐུབ་ཀྱི་མེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་རིམས་འགོག་སྨན་ཁབ་ཉར་ཚགས་དང་། སྐྱེལ་འདྲེན། གྲང་ཉར་བཅས་ཀྱི་ཆ་ལག་ཚང་བ་མེད་པས་རིམས་འགོག་སྨན་ཁབ་ཡང་དག་ངང་ཉར་ཚགས་བྱེད་ཐབས་བྲལ་བས་ཡིན།

    “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་བསྟུན་ནས་ཀྲུང་གོའི་ཁེ་ལས་ཁག་གཅིག་གིས“རྒྱུད་གཅིག་ལམ་གཅིག”གི་འབྲེལ་ཡོད་རྒྱལ་ཁབ་དབར་གྱི་སྨན་བཅོས་མཉམ་ལས་ལ་ཉིན་རེ་ལས་མ་འདས་པར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཁ་ཤས་ཀྱི་རིམས་འགོག་སྨན་ཁབ་ཉར་ཚགས་གནད་དོན་ཐག་གཅོད་བྱེད་བཞིན་ཡོད།

    ཉེ་ཆར། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཐི་ལི་ཐི·ཀེ་པི་འཕྲོད་བསྟེན་ས་ཚིགས་སུ་ཉི་ནུས་ཀྱི་རིམས་འགོག་སྨན་ཁབ་ཉར་ཚགས་འཁྱགས་སྒམ་སྒྲིག་སྦྱོར་བྱས་པ་དང་འཕྲོད་བསྟེན་ཁང་དུ་ཕྲུ་གུར་རིམས་འགོག་སྨན་ཁབ་རྒྱག་པར་ཡོང་མཁན་ཨ་མ་མང་པོ་སླེབས་ཡོད་པ་མཐོང་བྱུང་།

    འཕྲོད་བསྟེན་ས་ཚིགས་ཀྱི་ཐོག་ཁར་སྒྲིག་སྦྱོར་བྱས་པའི་ཉི་ནུས་གསོག་སྒམ་སྤྱད་དེ་རིམས་འགོག་སྨན་ཁབ་ཉར་ཚགས་འཁྱགས་སྒམ་ལ་ཐད་ཀར་གློག་བཏང་ནས་རིམས་འགོག་སྨན་ཁབ་ཉར་ཚགས་འཁྱགས་སྒམ་རྒྱུན་མཐུད་ངང་སྤྱོད་ཐུབ་པའི་འགན་ལེན་བྱས་པ་དང་སྦྲགས་རིམས་འགོག་སྨན་ཁབ་ཉར་ཚགས་བརྟན་པོ་ཡོང་བའི་འགན་ལེན་ཡང་བྱས་ཡོད།

    ཉི་ནུས་ཀྱི་རིམས་འགོག་སྨན་ཁབ་ཉར་ཚགས་འཁྱགས་སྒམ་ནི་ཆིང་ཏའོ་ཧའེ་ཨར་སྐྱེ་དངོས་སྨན་བཅོས་མ་རྐང་ཚད་ཡོད་ཀུང་སིས་རྒྱལ་ཁབ་དང་ས་ཁུལ་ཁག་གཅིག་གི་གློག་ཤུགས་མཁོ་སྤྲོད་ཀྱི་དཀའ་གནད་གཞིར་བཟུང་གསར་དུ་ཞིབ་བཟོ་བྱས་པའི་ཐོན་དངོས་ཤིག་ཡིན། ཧའེ་ཨར་སྐྱེ་དངོས་སྨན་བཅོས་ཕྱི་རྒྱལ་རིམས་འགོག་སྨན་ཁབ་དྲ་བའི་འགན་ཁུར་བ་ཝང་ཀོང་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རིམས་འགོག་སྨན་ཁབ་ཉར་ཚགས་འཁྱགས་སྒམ་ཉི་ནུས་ལ་བརྟེན་ནས་འཁོར་རྒྱུག་བྱེད་པ་ལས་ཆེད་མངགས་གློག་དྲ་འཁྲིད་དགོས་དོན་མེད། རིམས་འགོག་སྨན་ཁབ་ཉར་ཚགས་འཁྱགས་སྒམ་གྱིས་དྲོད་ཚད་43℃ཁོར་ཡུག་འོག་གློག་ཆད་རྗེས་འཁྱགས་སྒམ་ནང་གི་དྲོད་ཚད་8℃ནས་མི་བརྒལ་བ་རྒྱུན་འཁྱོངས་ཆུ་ཚོད་120བྱེད་ཐུབ། ད་དུང་ཟོག་སྦྲེལ་དྲ་རྒྱ་སོགས་ལག་རྩལ་གསར་པར་བརྟེན་ནས་ཆུ་ཚོད་24དྲོད་ཚད་ལྟ་ཞིབ་ཚད་ལེན་བྱེད་ཐུབ་པས་ཁྱེད་རང་ཀྲུང་གོར་ཡོད་ཀྱང་འཁྱགས་སྒམ་ཚང་མའི་འཁོར་རྒྱུག་གནས་ཚུལ་ཤེས་རྟོགས་བྱེད་ཐུབ།

    ཉི་ནུས་ཀྱི་རིམས་འགོག་སྨན་ཁབ་ཉར་ཚགས་འཁྱགས་སྒམ་དེ་ལས་ཨེ་ཙེ་ཨོ་ཕི་ཡའི་བྱིས་པ་དེ་བས་མང་བར་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པའི་རིམས་འགོག་སྨན་ཁབ་རྒྱག་རྒྱུ་བྱུང་ཡོད།

    ཨེ་ཙེ་ཨོ་ཕི་ཡར་ཉི་ནུས་ཀྱི་རིམས་འགོག་སྨན་ཁབ་ཉར་ཚགས་འཁྱགས་སྒམ་སྒྲིག་སྦྱོར་ལས་དོན་སྒྲུབ་མཁན་སི་ཐཱ་ཡིའུ·ཀེ་ཏེ་ཧྥ་ཡིས་མིག་སྔར་ཨེ་ཙེ་ཨོ་ཕི་ཡར་སྨན་ཁབ་རྒྱག་ས་ཁྲི་1ལྷག་ཙམ་ཡོད་པ་དང་ཉི་ནུས་ཀྱི་རིམས་འགོག་སྨན་ཁབ་ཉར་ཚགས་འཁྱགས་སྒམ་5000ལྷག་ཙམ་སྒྲིག་སྦྱོར་བྱས་ནས་ཨེ་ཙེ་ཨོ་ཕི་ཡའི་ཁྱིམ་ཚང་ཁྲི་500ཡི་ཕྲུ་གུར་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པའི་རིམས་འགོག་སྨན་ཁབ་རྒྱག་རྒྱུ་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།