[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྔོ་ཚལ་ཨུ་རུ་སུར་ཕྱིར་ཚོང་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-12

    641152_yis_1562822972733_s.jpg

    ཧྲན་ཏུང་གི་ཧྲོའུ་ཀོང་གྲོང་ཁྱེར་ནི་རང་རྒྱལ་གྱི་སྔོ་ཚལ་ཐོན་ཡུལ་དང་བསྡུ་འགྲེམས་ལྟེ་གནས་གཙོ་བོ་ཞིག་རེད། 2014ལོར་ཧྲོའུ་ཀོང་གྲོང་ཁྱེར་ཚུའེ་ལིང་ཤིས་གྲོང་ཚོས་ཧྲོའུ་ཀོང་གྲོང་ཁྱེར་ཀྲུང་ཝང་ཤིང་འབྲས་སྔོ་ཚལ་ཆེད་ལས་མཉམ་ལས་ཁང་བཙུགས་ནས་སྤུས་ཚད་མཐོ་བའི་ཀྲོ་མ་ཀྲུ་དང་། སུར་པན། ཀྭ་མངར་སོགས་སྣ་ཁ་བཏབ་ཡོད། མིག་སྔར་མཉམ་ལས་ཁང་དུ་ཧྲེ་ཡོན་དུད་ཚང་133དང་དེང་རབས་ཅན་གྱི་སྔོ་ཚལ་དྲོད་ཁང་ཆེ་མོ་མུའུ་1105ཡོད། ལོ་ལྟར་ཨུ་རུ་སུའི་མོ་སི་ཁོ་དང་། ཨེར་ཁུའུ་ཚི་ཁེ། ཡེ་གཱ་ཅེ་ལིན་པའོ་སོགས་ས་ཆར་སྔོ་ཚལ་སྤུས་ལེགས་ཏུན་15000ཙམ་ཕྱིར་ཚོང་བྱས་པར་ཉོ་ཚོང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་1ལྷག་ཙམ་ཟིན་གྱི་ཡོད་པ་རེད། འདི་ནི་ཟླ་7ཚེས་7ཉིན་མཉམ་ལས་ཁང་གི་ལས་མིས་སུར་པན་དབྱེ་འབྱེད་བྱས་ནས་ཐུམ་སྒྲིལ་རྒྱག་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།