[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་དང་མ་འཇོག་ཚོང་ལས་ཀྱི་གོ་སྐབས་ལ་མཉམ་དུ་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-12

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སོ་ཐོ་མེ་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་གི་དཔལ་འབྱོར་ཚོང་དོན་དཔོན་རིགས་དང་། ཚོང་ལས་ལས་རིགས་མི་སྣས་ཉེ་ཆར་ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཀྱི་ཁེ་ལས་ཀྱི་དཔལ་འབྱོར་དང་ཚོང་དོན་མཉམ་ལས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་14པ་འཚོགས་རིང་། ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་ཀྱི་ལམ་སྲོལ་སྤྱད་དེ་ཁེ་ལས་དེ་བས་མང་བས་མ་དངུལ་འཇོག་རྒྱུའི་ཡིད་དབང་བཀུག་སྟེ་ཀྲུང་གོ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།

    ད་རེས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཚེས་8དང་9ཉིན་སོ་ཐོ་མེ་དང་ཕུ་རིན་སེ་ཕེར་འཚོགས་ཡོད། སོ་ཐོ་མེ་དང་ཕུ་རིན་སེ་ཕེའི་ཙུང་ལི་ཟུར་པ་ཏ་ས་ནེ་ཝུའེ་སེས་རྒྱལ་ཁབ་དེའི་ཉ་ལས་དང་རྒྱ་མཚོའི་ཐོན་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པས། ཡུལ་སྐོར་ལས་རིགས་དང་ས་ཁོངས་མཁའ་འགྲུལ་ལས་རིགས་འཕེལ་རྒྱས་བཏང་སྟེ་དཔལ་འབྱོར་སྣ་མང་ཅན་མངོན་འགྱུར་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ད་དུང་ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་ཀྱི་ལམ་སྲོལ་སྤྱད་དེ་མ་དངུལ་འཇོག་མཁན་སྔར་ལས་མང་བའི་ཡིད་དབང་འགུག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།

    ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཀྱི་ཁེ་ལས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ངོ་འཕྲད་གྲོས་མོལ་ཚོཌ་འདུ་ནི་ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་གི་དཔལ་འབྱོར་ཚོང་དོན་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་གལ་ཆེན་ཞིག་རེད། ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་2003ལོར་བཙུགས་པ་དང་ཀྲུང་གོའི་ཨོ་མོན་དུ་རྒྱུན་བཙུགས་དྲུང་ཡིག་ཁྲུའུ་བཙུགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།