[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུའི་ནང་འཁོད་དོན།

    ​ 2018ལོར་གོ་ལ་ཧྲིལ་པོའི་མི་དུང་ཕྱུར་8.2བཀྲེས་ལྟོགས་ཀྱིས་མནར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-22

    ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིའུ་གཡོད་སྤྱི་ཁྱབ་པུའུ་རུ་ཡོངས་བསྒྲགས་བྱས་པའི《འཛམ་གླིང་གི་འབྲུ་རིགས་བདེ་འཇགས་དང་འཚོ་བཅུད་གནས་ཚུལ》གྱི་སྙན་ཞུའི་ནང་འཁོད་པར། ཉེ་བའི་ལོའི་རིང་གོ་ལ་ཧྲིལ་པོར་བཀྲེས་ལྟོགས་ཀྱིས་མནར་བའི་མི་གྲངས་ལོ་རེ་བཞིན་མང་དུ་འགྲོ་ཡི་ཡོད་ཅིང་། 2018ལོ་བར་གོ་ལ་ཧྲིལ་པོར་བཟའ་འབྲུ་མ་འདང་བའི་དཀའ་ངལ་ཐོན་པའི་མི་གྲངས་དུང་ཕྱུར་8.216ཟིན་ཡོད་པ་རེད།

    དེ་ཉིན་ཡོངས་བསྒྲགས་བྱས་པའི་2019ལོའི་ལོ་འཁོར་གྱི་སྙན་ཞུའི་ནང་། གོ་ལ་ཧྲིལ་པོར་བཀྲེས་ལྟོགས་ཀྱིས་མནར་བའི་མི་གྲངས་ཀྱིས་སྤྱིའི་མི་འབོར་ཁྲོད་བཟུང་བའི་བསྡུར་ཚད་འདས་པའི་ལོ་བཅུ་ཕྲག་འགའ་ཤས་ནང་བསྟུད་མར་ཆག་པ་དང་2015ལོ་ནས་བཟུང་རྩ་བའི་ཆ་ནས་11%ལས་ཅུང་དམའ་བའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་ཡོད། འོན་ཀྱང་བལྟོས་མེད་མི་གྲངས་ནས་བལྟས་ཚེ་2018ལོར་གོ་ལ་ཧྲིལ་པོར་བཀྲེས་ལྟོགས་ཀྱིས་མནར་བའི་མི་གྲངས་དུང་ཕྱུར་8.216ཟིན་པ་དང་གྲངས་ཀ་དེ་2017ལོ་དང་། 2016ལོ། 2015ལོ་བཅས་སུ་དུང་ཕྱུར་8.117དང་། དུང་ཕྱུར་7.965 དུང་ཕྱུར་7.854བཅས་སོ་སོ་ཡིན་ཞེས་འཁོད་ཡོད་པ་རེད།

    སྙན་ཞུའི་ནང་ད་དུང་གོ་ལ་ཧྲིལ་པོའི་ཉིན་བཞིན་ཚབས་ཆེ་རུ་འགྲོ་བའི་རྒྱགས་པ་ཆགས་པའི་གནད་དོན་ལའང་དོ་ཁུར་བྱས་ཤིང་། སྙན་ཞུའི་ནང་རྒྱགས་པ་ཆགས་པ་ལས་ལོ་ལྟར་མི་ཁྲི་400ཙམ་ཤི་ཡི་ཡོད་པ་མ་ཟད། ལོ་ན་མི་འདྲ་བའི་མི་ཚོགས་ཚང་མར་རྒྱགས་པ་ཆགས་པའི་གནད་དོན་འཕྲད་ཡོད། དེའི་ནང་སློབ་གྲྭར་འགྲོ་མཁན་མི་ཚོགས་དེ་རྒྱགས་པ་ཆགས་མཁན་མང་ཤོས་སུ་གྱུར་ཅིང་། དེའི་རྒྱུ་མཚན་གཙོ་བོ་ནི་ཤིང་ཏོག་དང་སྔོ་ཚལ་བཟའ་རྒྱུ་མི་འདང་བ་དང་སྟབས་བདེའི་བཟའ་བཅའ་ཟས་དྲགས་པ་དང་ཐཱན་སྐྱུར་བཏུང་བྱ་བཏུང་དྲགས་པའི་ཁར་སྦྱོང་བརྡར་མི་འདང་བའི་དབང་གིས་རེད་ཅེས་འཁོད་ཡོད།

    《འཛམ་གླིང་གི་འབྲུ་རིགས་བདེ་འཇགས་དང་འཚོ་བཅུད་གནས་ཚུལ》གྱི་སྙན་ཞུ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་དེ་བཞིན་ཞིང་ལས་རྩ་འཛུགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ལྷན་ཚོགས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ། འཛམ་གླིང་འབྲུ་རིགས་འཆར་གཞི་ཧྲུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་པ་ཞིག་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།