[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཀ་བེད་རོལ་དབྱངས་སི་རི་ལན་ཁར་གྲགས་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    651909_yis_1565672931644.jpg

    ཉིན་ཤས་གོང་། ཁོ་ལོན་པོར་ཡོད་པའི་སི་རི་ལན་ཁའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་ཀ་བེད་རོལ་ཆའི་གསོ་སྦྱོང་འཛིན་གྲྭའི་སློབ་མཇུག་འགྲིལ་བའི་གཟིགས་འབུལ་འཁྲབ་སྟོན་བྱས་པ་རེད། ཟླ་བ་གཅིག་ཙམ་གྱི་གོང་དུ་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་ཀ་བེད་རོལ་ཆའི་གསོ་སྦྱོང་འཛིན་གྲྭ་ཐོག་མ་གཉེར་རྒྱུའི་ཆ་འཕྲིན་སྨྱན་སྦྱོར་སྣ་ཚོགས་ནས་བརྒྱུད་བསྒྲགས་བྱས་པ་དང་ཉིན་5ཡི་ནང་ཚུན་དུ་མི་སྣ་3000ལྷག་ཙམ་བློ་འདྲི་དང་མིང་ཐོ་འགོད་པར་སླེབས་ཡོད། “སྔོན་ལ་སླེབས་མཁན་སྔོན་ལ་ཐོ་འགོད་པའི”རྩ་དོན་གཞིར་བཟུང་སློབ་མ་20ལྷག་ཙམ་ལ་རིན་མེད་གསོ་སྦྱོང་ནང་ཞུགས་པའི་གོ་སྐབས་ཐོབ་ཡོད། ཀ་བེད་རོལ་ཆ་དེ་ཀྲུང་གོའི་རིག་གནས་བརྒྱུད་བསྒྲགས་བྱེད་པའི་སྦྲེལ་ཐག་ཏུ་འགྱུར་བ་བྱ་རྒྱུ་ནི་སི་རི་ལན་ཁའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་གསོ་སྦྱོང་འཛིན་གྲྭ་དེ་གཉེར་བའི་ཐོག་མའི་དམིགས་ཡུལ་ཡིན་ཞིང་། འདི་ནི་སི་རི་ལན་ཁའི་ཁོ་ལོན་པོར་སློབ་མ་ཚོས་སློབ་མཇུག་འགྲིལ་བའི་མཛད་སྒོའི་ཐོག་ཀ་བེད་རོལ་ཆ་གཏོང་བའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།