[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་སར་ཝ་ཏོལ་གྱི་འབྲེལ་བར་སྐྱེ་སྟོབས་ཀྱི་དཔལ་འབར་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-24

    ཉེ་ཆར། སར་ཝ་ཏོལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཨོའུ་ཅན་ཧུང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་བཅར་འདྲི་དང་ལེན་གནང་སྐབས། ཀྲུང་སར་དབར་ཕྱི་འབྲེལ་བཙུགས་ནས་ལོ་གཅིག་སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པོ་མངོན་ཡོད། འབྱུང་འགྱུར་ཕྱོགས་གཉིས་པོས་དངོས་དངོས་རྗེན་རྗེན་གྱི་མཉམ་ལས་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ཆེ་བའི་བདེ་སྐྱིད་སྐྲུན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    2018ལོའི་ཟླ་8ཚེས་21ཉིན། ཀྲུང་གོ་དང་སར་ཝ་ཏོལ་སྲིད་གཞུང་གིས་ཕྱི་འབྲེལ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་སྤྱི་བསྒྲགས་ལ་མིང་རྟགས་བཀོད་པ་དང་། རྒྱལ་ཁབ་གཉིས་པོས་ཉིན་དེ་ནས་བཟུང་གཞུང་ཚབ་ཆེ་མོ་རིམ་པའི་ཕྱི་འབྲེལ་བཙུགས་པ་རེད།

    ཀྲུང་གོ་ཕྱོགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། 2018ལོར་ཀྲུང་སར་དབར་གྱི་དཔལ་འབྱོར་ཚོང་དོན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་10.11ཟིན་ཞིང་། མིག་སྔར་ཀྲུང་གོ་ནི་སར་ཝ་ཏོལ་གྱི་ནང་འདྲེན་རྒྱལ་ཁབ་ཆེ་གྲས་ཨང་གཉིས་པ་དེ་ཡིན་པ་དང་། སར་ཝ་ཏོལ་གྱིས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ཤུགས་ཆེར་ཕྱིན་ཡོད།

    སློབ་གསོ་དང་མི་ཆོས་རིག་གནས་ཐད་ཨོའུ་ཅན་ཧུང་གིས། ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་མཁན་སར་ཝ་ཏོལ་བ་35ཀྲུང་གོར་ཟབ་སྦྱོང་བྱེད་པར་ཡོང་ཉེར་ཡོད་ཅིང་། མིག་སྔར་ཞིང་ཆེན་དང་གྲོང་ཁྱེར་12ཀྱི་གྲགས་ཅན་སློབ་ཆེན་གྱིས་བསྡུས་པ་དང་། ཆེད་ལས་ནང་དཔལ་འབྱོར་རིག་པ་དང་། སློབ་གསོ་རིག་པ། རྩོམ་རིག་སོགས་རིག་ཚན་ཆེན་པོ་བརྒྱད་ཚུད་ཡོད། ཟབ་སྦྱོང་བྱས་ནས་སོ་སོའི་ཕུགས་འདུན་དང་སར་ཝ་ཏོལ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དགོས་མཁོ་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་དེས་ཀྲུང་སར་རྒྱལ་ཁབ་གཉིས་པོའི་མི་སྣའི་མཛའ་གྲོགས་འབྲེལ་བར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ལ་ཕྱོགས་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་རྨང་གཞི་ཡང་བརྟན་དུ་གཏོང་རྒྱུ་རེད་ཅེས་བརྗོད་པ་རེད།

    གཞན་ཡང་། ལྷོ་ནུབ་ཚན་རྩལ་སློབ་ཆེན་གྱིས་སར་ཝ་ཏོལ་སློབ་ཆེན་དང་མཉམ་འབྲེལ་ཐོག་ཁུང་ཙི་སློབ་གླིང་མཉམ་སྐྲུན་བྱ་རྒྱུ་ཡིན་པ་དང་། ཀྲུང་གོ་སྲིད་གཞུང་གིས་སར་ཝ་ཏོལ་ཕྱོཌ་ལ་ཁྱབ་ཁོངས་ཁག་གི་དུས་ཐུང་གསོ་སྦྱོང་མིང་གྲངས་100ལྷག་ཙམ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།