[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2019ལོའི“མཛེས་སྡུག་ལྡན་པའི་ཀྲུང་གོ·འོད་ཟེར་འཕྲོ་བའི་རིག་གནས”རྒྱ་མཚོ་ཆེན་པོ་གླིང་གི་ཁྱབ་གདལ་བྱེད་སྒོའི་ས་ཚིགས་དང་པོ་འགོ་ཚུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-24

    2019ལོའི“མཛེས་སྡུག་ལྡན་པའི་ཀྲུང་གོ·འོད་ཟེར་འཕྲོ་བའི་རིག་གནས”རྒྱ་མཚོ་ཆེན་པོ་གླིང་གི་ཁྱབ་གདལ་བྱེད་སྒོ་ཚེས་21ཉིན་ནེའུ་ཙི་ལན་གྱི་ཁི་ལི་སི་ཐའེ་ལི་ཆི་རུ་འགོ་ཚུགས་ཤིང་། བྱེད་སྒོའི་ཐོག་ཡུལ་སྐོར་འོས་སྦྱོར་དང་། འབྲེལ་མཐུད་ངོ་འཕྲད་གྲོས་མོལ། འགྲེམས་སྟེགས་གཤོམ་པ། རིག་རྩལ་འཁྲབ་སྟོན་སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ས་གནས་དེ་གའི་ཡུལ་སྐོར་ལས་དོན་པར་ཀྲུང་གོའི་ཡུལ་སྐོར་དང་རིག་གནས་ཀྱི་བཀྲག་མདངས་འཚེར་ས་མངོན་པར་བྱས་པ་རེད།

    ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཡ་ཡིང་གིས་འོས་སྦྱོར་ཚོགས་འདུའི་ཐོག་ཤིས་ཚིག་སྒྲོན་སྐབས། 2019ལོ་ནི“ཀྲུང་ནེའུ་ཡུལ་སྐོར་ལོ”ཡིན་པ་དང་རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་པུའུ་ཀྲང་ཕན་ཚུན་འཚམས་འདྲི་གནང་བ་དང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་ཡུལ་སྐོར་ལས་རིགས་ཀྱིས“ཀྲུང་ནེའུ་ཡུལ་སྐོར་ལོའི”འགོ་ཚུགས་མཛད་སྒོ་དང་། “ཀྲུང་གོའི་ཡུལ་སྐོར་རིག་གནས་གཟའ་འཁོར”སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། ཟླ་བ་དགུ་པ་དང་ཟླ་བ་བཅུ་གཅིག་པར་ཤིས་ཨན་དང་ཀོང་ཀྲོའུ་སོ་སོར“ནེའུ་ཙི་ལན་གྱི་ཡུལ་སྐོར་བ་ཆིག་སྟོང་ཐང་རྒྱལ་རབས་ཀྱི་འདྲ་བཟོའི་གྲོང་དུ་སྐྱོད་པའི་མཛད་སྒོ”དང་“ཀྲུང་ནེའུ་ཡུལ་སྐོར་ལོ”ཡི་མཇུག་སྒྲིལ་མཛད་སྒོ་སོགས་འཚོགས་ནས་མཉམ་ལས་ཀྱི་གཏིང་ཤུགས་སྔར་བས་སྔོག་འདོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་བར་དེ་བས་མང་བའི་སྟབས་བདེ་དང་གདམ་ཁ་མཁོ་འདོན་བྱས་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།