[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་སིང་ཀ་ཕོར་དབར་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་ནས་འགག་སྒོ་སྒྲོལ་བའི་ལས་ཕྱོད་མཐོ་རུ་བཏང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

    ཉེ་ཆར། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་བར། ཀྲུང་གོས་དེ་ཉིན་སིང་ཀ་ཕོར་དང་གྲུ་གཟིངས་ཀྱི་གློག་རྡུལ་ལག་ཁྱེར་གྱི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་དེ་རྒྱལ་ཁབ་གཉིས་པོའི་གྲུ་གཟིངས་ཐོ་འགོད་བྱེད་པར་གློག་རྡུལ་ལག་ཁྱེར་སྤྱད་ནས་ཕྱོགས་གཉིས་པོའི་གྲུ་གཟིངས་ཀྱི་གློག་རྡུལ་ལག་ཁྱེར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    འགྲིམ་འགྲུལ་སྐྱེལ་འདྲེན་པུའི་མཚོ་དོན་ཅུས་ཀྱི་ཅུས་ཀྲང་ཚའོ་ཏེ་ཧྲེང་གིས་ཀྲུང་གོ་དང་སིང་ཀ་ཕོར་ཕྱོགས་གཉིས་ཀྱིས་གྲུ་གཟིངས་ཀྱི་གློག་རྡུལ་ལག་ཁྱེར་ཁྱབ་ཁོངས་ཐད་མཉམ་ལས་བྱེད་པ་དེ“དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་སིང་ཀ་ཕོར་གྱི་འཐབ་ཇུས་རང་བཞིན་གྱི་མཉམ་སྦྲེལ་མཉམ་མཐུད་ཀྱི་དཔེ་སྟོན་རྣམ་གྲངས་དོན་འཁྱོལ་བྱེད་པ་ཞིག་ཡིན་པས། དེ་བས་དོན་དངོས་རང་བཞིན་གྱི་ཕྱོགས་གཉིས་པོའི་མཚོ་ཐོག་སྐྱེལ་འདྲེན་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་མཉམ་དུ་བཏོད་ནས། གློག་རྡུལ་ལག་ཁྱེར་གོ་ལ་ཧྲིལ་པོའི་མཚོ་འགྲུལ་སྐྱེལ་འདྲེན་ལས་རིགས་སུ་བཀོལ་སྤྱོད་བྱེད་པར་ཐུན་མོང་ཐོག་སྣེ་ཁྲིད་དང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།