[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཧ་ནོ་དབྱིར་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-01

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ནོ་དབྱི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། “ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དང་ཉམས་མྱོང”སྐོར་གྱི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཚེས་24ཉིན་ཝེ་ཐེ་ནམ་གྱི་རྒྱལ་ས་ཧ་ནོ་དབྱིར་འཚོགས་པ་དང་ཚོགས་འདུར་ཞུགས་མཁན་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་རིགས་གཅིག་མཁས་ཅན་150ཡིས་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས་སོགས་ཀྱི་ཟུར་ཚད་ཐོག་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད།

    ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞུང་པོ་ཡིས་བགྲོ་གླེང་ཚོགས་འདུའི་ཐོག་ཤིས་ཚིག་བསྒྲོན་ནས། ཀྲུང་གོ་དང་ཝེ་ཐེ་ནམ་གཉིས་ཀ་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྲིད་སྐྱོང་ལུགས་ཐད་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཕྱོགས་གཉིས་པོའི་མཐོ་རིམ་གྱི་ཐུན་མོང་ངོས་འཛིན་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་རང་ངོས་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཕེལ་རྒྱས་གཏོང་བའི་དགོས་མཁོ་དངོས་ཤིག་ཀྱང་རེད། བགྲོ་གླེང་ཚོགས་འདུའི་ཐོག་སྤེལ་རེས་གཏིང་ཟབ་བྱས་ཏེ་ཕྱོགས་གཉིས་པོས་རང་ངོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཡོད་ཀྱི་དཔྱད་གཞི་དེ་བས་མང་བ་མཁོ་འདོན་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    ཝེ་ཐེ་ནམ་སྤྱི་ཚོགས་ཚན་རིག་ཁང་གི་ཀྲུའུ་ཞི་གཞོན་པ་ཧྥེ་རི་ཀོང་གི་ཤིས་ཚིག་ནང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཀྲུང་གོས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་གྲུབ་འབྲས་མང་པོ་ཐོབ་ཡོད། དཔལ་འབྱོར་ཕྱོགས་སྒྱུར་མངོན་འགྱུར་ཡོང་བའི་རེ་བ་བྱེད་མཁན་རྒྱལ་ཁབ་ལ་ཕན་ཡོད་ཀྱི་ཉམས་མྱོང་སྤྲད་ཡོད། ཝེ་ཐེ་ནམ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ལ། འདྲ་མཚུངས་ཀྱི་འགྲན་སློང་ཡང་འཕྲད་ཡོད། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་དེས་ཝེ་ཐེ་ནམ་དང་ཀྲུང་གོའི་དམངས་ཁྲོད་དང་ལྷག་པར་དུ་རིག་གཞུང་ལས་རིགས་དབར་གྱི་ཕན་ཚུན་ཤེས་རྟོག་སྔར་བས་ཟབ་ཏུ་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།