[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་དང་ཀྲུང་གོ་གུང་ཁྲན་ཏང་དང་ནེ་པ་ལ་གུང་ཁྲན་ཏང་གི་རིཌ་པའི་གཞུང་ལུཌ་བགྲོ་གླེང་ཚོགས་འདུ”ཀ་ཏ་མན་རྡུར་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-01

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀ་ཏ་མན་རྡུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་གུང་ཁྲན་ཏང་དང་ནེ་པ་ལ་གུང་ཁྲན་ཏང་གིས་ཀ་ཏ་མན་རྡུར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་དང་ཏང་གཉིས་ཀྱི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་མཉམ་དུ་འཚོགས་ཤིང་། ནེ་གུང་མཉམ་འབྲེལ་ཀྲུའུ་ཞི་དང་ཙུང་ལི་ཨའོ་ལི་དང་། ནེ་གུང་མཉམ་འབྲེལ་ཀྲུའུ་ཞི་ཕུའུ་ལ་ཁྲང་ཏ། ནེ་གུང་གི་ཀྲུང་དབྱང་ཨུ་ཡོན་200ལྷག་ཙམ་དང་དེ་བཞིན་ཀྲུང་གོ་ཕྱོགས་ཀྱི་འཐུས་མི་བཅས་ཞུགས་ཡོད་པ་རེད།

    ཨའོ་ལི་སོགས་ནེ་གུང་གི་འཐུས་མིས་སྤྲོ་སེམས་འཁོལ་བའི་ངང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་ནས་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོར་གདེང་འཇོག་ཆེན་པོ་བྱས་ཤིང་། ཀྲུང་གོས་གྲུབ་འབྲས་ལྡན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་མ་ཟད། ནེ་པ་ལ་ཚུད་པའི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གདམ་ག་གསར་རྐྱང་ཞིག་མཁོ་འདོན་བྱས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་སྐྱོང་རྒྱལ་སྐྱོང་འདུ་ཤེས་ལས་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གི་སྲིད་ཏང་ལ་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ནེ་གུང་གིས་གཙོ་འགན་འཁུར་བའི“སྤྱི་ཚོགས་རིང་ལུགས་ཕྱོགས་སྟོན་དུ་འཛིན་པའི་མི་དམངས་དམངས་གཙོའི”སྲིད་འཛིན་འདུ་ཤེས་ཕན་ཚུན་མཐུན་པས་ནེ་གུང་གིས་ཀྲུང་གུང་དང་མཉམ་དུ་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་འཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་ནེ་ཀྲུང་དབར་གྱི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཐད་ཀྱི་ཕྱོགས་ཡོངས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྣེ་ཁྲིད་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།

    ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་སུང་ཐའོ་ཡིས་བཞེད་དོན་གཙོ་བོའི་གཏམ་བཤད་བྱས་ཤིང་། ཁོང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་པ་མ་ཟད་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཁར་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱིས་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་གཏོང་བྱེད་ཀྱི་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག་ཡིན་ལ་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱས་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡང་ཡིན། ཀྲུང་གུང་གིས་ནེ་གུང་དང་མཉམ་དུ་དུས་རབས་གསར་པར་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་མཉམ་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་ཕན་བདེ་སྐྲུན་པ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།