[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མོ་ཞི་ཁོའི་ཚགས་པར་ནང་འཁོད་པའི་ཀྲུང་གོ་གསར་པའི་ལོ་ངོ་70

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝུའུ་ཧའོ་ཡིས།    |    སྤེལ་དུས།   2019-10-10

    “འདིའི་ནང་ཀྲུང་གོ་གསར་པ་དབུ་བརྙེས་པ་འཁོད་ཡོད”ཅེས་མོ་ཞི་ཁོའི《འཇིག་རྟེན་ཁམས་ཀྱི་ཚགས་པར》གྱི་ལྟ་ཀློག་ཁང་གི་ལས་མི་རྙིང་པ་ཨའེ་ཏ·ཁ་སི་ཐེ་ལུའོ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཚགས་པར་རྙིང་པ་ཞིག་ག་ལེར་ཁ་ཕྱེ་ནས་བསྟན་བྱུང་།

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་སྐབས་སུ་ཁ་སི་ཐེ་ལུའོ་ཡིས་ཉར་ཚགས་ཁང་ནས་འཚེམ་སྒྲིག་བྱས་ཟིན་པའི་ཚགས་པར་རྙིང་པ་མང་པོ་བཏོན་ནས་གསར་འགོད་པར་ཀྲུང་གོ་གསར་པའི་ལོ་རྒྱུས་ཀྱི་ཟིན་ཐོ་བསྟན་བྱུང་།

    ཁོང་གིས་1949ལོའི་ཟླ་10ཚེས་2ཉིན་བཏོན་པའི《འཇིག་རྟེན་ཁམས་ཀྱི་ཚགས་པར》ཞིག་ཁ་ཕྱེ་སྐབས། རྒྱལ་སྤྱིའི་པར་ངོས་ཀྱི་མངོན་གསལ་དོད་པའི་གནས་སུ“ཁ་ས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ཁྱབ་བསྒྲགས་བྱས་འདུག”ཅེས་པའི་གསར་འགྱུར་ཞིག་མཐོང་། “ཀྲུང་གོ་གསར་པའི་རྒྱལ་དར་ཐོག་གསེར་མདོག་ཅན་གྱི་སྐར་མ་ལྔ་ཡོད་པ་དང་དེ་པེ་ཅིང་གྲོང་ཁྱེར་གྱི་སྐྲུན་དངོས་ཤིག་གི་སྟེང་དུ་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག”ཅེས་པའི་གསར་འགྱུར་དེ་རིང་པོ་མེད་ཀྱང་སྐད་ཆ་ཚིག་ཁ་ཤས་ལས་སྐབས་དེའི་མི་སེམས་འགུལ་བའི་རྣམ་པ་ཚོར་ཐུབ། གསར་འགྱུར་དེའི་ནང་ད་དུང་ཀྲུང་གོ་གསར་པ་དབུ་བརྙེས་པའི་གནས་ཚུལ་གཙོ་བོ་འཁོད་ཡོད།

    ཉིན་དེ་ནས་བཟུང་《འཇིག་རྟེན་ཁམས་ཀྱི་ཚགས་པར》དེ་མོ་ཞི་ཁོའི་དམངས་ཚོགས་ཀྱིས་ཀྲུང་གོ་དང་དེ་བཞིན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཤེས་རྟོགས་བྱེད་པའི་སྐར་ཁུར་གཙོ་བོར་གྱུར་ཡོད།

    “ཕྱོཌ་གཞན་ཞིག་ནས་བརྗོད་ན་ང་ཚོ་ནི་ཀྲུང་གོ་གསར་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་ཟིན་ཐོ་འགོད་མཁན་དང་དཔང་པོ་ཡིན། སླད་ཕྱིན་མོ་ཞི་ཁོའི་ཀློག་པ་པོས་དེ་བས་ཕྱོགས་ཡོངས་ནས་ཀྲུང་གོ་ཤེས་རྟོགས་དང་འཛམ་གླིང་གིས་ཀྲུང་གོའི་གསུང་སྒྲ་དེ་བས་མང་བ་ཐོས་ཐུབ་རྒྱུའི་རེ་བ་ཡོད”ཅེས་ཁ་སི་ཐེ་ལུའོ་ཡིས་དགོད་འཚེར་འཚེར་ངང་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།