[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་རྒྱལ་སྤྱིའི་ཡུལ་སྐོར་བའི་ཡོང་ཁུངས་ཆེ་ཤོས་མུ་མཐུད་རྒྱུན་འཁྱོངས་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-10

    གོ་ལ་ཧྲིལ་པོའི་གཏོང་སྤྲོད་ཚན་རྩལ་ཀུང་སི་ཝན་ཧྲི་ཏཱ་ཁཱ་ཡིས་ཉེ་ཆར་ཡོངས་བསྒྲགས་བྱས་པའི་སྙན་ཞུའི་ནང་མངོན་པར་གཞིཌ་ན། ཀྲུང་གོའི་ནང་སས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་རྒྱལ་སྤྱིའི་ཡུལ་སྐོར་བའི་ཡོང་ཁུངས་ཆེ་ཤོས་ཀྱི་ཁྲོམ་རའི་གནས་བབ་མུ་མཐུད་རྒྱུན་འཁྱོངས་བྱས་ཡོད་ཅིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་ཡུལ་སྐོར་དམིཌ་ས་ཨང་དང་པོ་ནས་ལྔ་པའི་བར་ནི་པང་ཁོག་དང་། སིང་ཀ་ཕོར། ཁྭ་ལ་ལུམ་ཕུར། ཐོ་ཁེའོ། ཧྲོའར་བཅས་ཡིན་པ་དང་དེ་དག་གི་ཡུལ་སྐོར་བ་མང་ཤོས་ནི་ཀྲུང་གོའི་ནང་ས་ནས་ཡིན་པ་རེད།

    ཝན་ཧྲི་ཏཱ་ཡིས་ཡོངས་བསྒྲགས་བྱས་པའི་2019ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་ཡུལ་སྐོར་དམིགས་སའི་སྟོན་གྲངས་སྙན་ཞུའི་ནང་མངོན་པར་གཞིགས་ན། ཀྲུང་གོའི་ནང་སས་2012ལོར་རི་པིན་ལས་བརྒལ་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་ཡུལ་སྐོར་བ་མང་ཆེ་ཤོས་སུ་གྱུར་རྗེས་གནས་བབ་དེ་ད་ལྟའི་བར་དུ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོའི་ནང་ས་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་གྲོང་ཁྱེར་82ཀྱི་ཡུལ་སྐོར་བ་ཡོང་ཁུངས་ཆེ་ཤོས་གསུམ་གྱི་གྲས་ཤིག་ཡིན་པ་མ་ཟད། དེས་ད་ཐེངས་སྙན་ཞུའི་བརྟག་དཔྱད་ཀྱི་ཡུལ་སྐོར་དམིགས་ས་161གི་ཕྱེད་ཀ་ཡན་བཟུང་ཡོད། དེའི་ནང་པང་ཁོག་དང་། སིང་ཀ་ཕོར། ཁྭ་ལ་ལུམ་ཕུར། ཐོ་ཁེའོ། ཧྲོའར་སོགས་ཚུད་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་ཡུལ་སྐོར་དམིགས་ས་ཆེ་གྲས་20ཡི་ཁྲོད་ཀྲུང་གོའི་ནང་སས་དེའི་ཁྲོད་ཀྱི་ཁྲོམ་ར་13ལ་ཡུལ་སྐོར་བའི་ཐོན་ཁུངས་མང་ཤོས་བཏོད་ཡོད།

    རྒྱལ་མཚམས་འཛུལ་སྒྲོལ་ཡུལ་སྐོར་བ་མགྱོགས་མྱུར་འཕར་བ་དང་ཆབས་ཅིག་ཀྲུང་གོར་ཡོང་མཁན་ཡུལ་སྐོར་བ་མང་དུ་ཕྱིན་པའི་རྣམ་པ་མུ་མཐུད་བརྟན་དུ་སོང་ཡོད། སྙན་ཞུའི་ནང་ཚུད་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་ཡུལ་སྐོར་དམིགས་ས་161གི་ནང་ཀྲུང་གོའི་གྲོང་ཁྱེར་41ཚུད་པ་དེས་བསྡུར་གྲངས་26%བཟུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།