[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྥ་རན་སེའི་གྲོང་ཁྱེར་ཉི་སིར་ཀྲུང་གོའི་རྫ་དཀར་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞུས་ཡུང་ཁྲུན།    |    སྤེལ་དུས།   2019-10-10

    667960_yis_1570598434412.jpg

    འདི་ནི་དེ་ཉིན་ཧྥ་རན་སེའི་ཉི་སི་གྲོང་ཁྱེར་གྱི་མ་སའེ་ན་རྟེན་རྫས་བཤམས་མཛོད་ཁང་དུ་ལྟད་མོ་བས་རྫ་དཀར་གྱི་བརྩམས་ཆོས་ལ་ལྟ་བཞིན་པ།

    སྐབས་གཉིས་པའི་ཀྲུང་གོའི་རྫ་དཀར་གྱི་རྒྱལ་སྤྱིའི་རྫ་དཀར་སྒྱུ་རྩལ་གྱི་བྱ་དགའ་ཆེན་པོའི་འགྲན་བསྡུར་གྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་འགྲེམས་སྟོན་ཚེས་6ཉིན་ཧྥ་རན་སེའི་ཉི་སིར་འགོ་ཚུགས་པ་དང་བྱ་དགའ་ཐོབ་པའི་བརྩམས་ཆོས་དེ་རྫ་དཀར་གྱི་ཐུན་མོང་མ་ཡིན་པའི་འཇམ་ཤ་དོད་པ་དང་བསམ་བཀོད་ཀྱི་ལག་རྩལ་དང་དེང་རབས་ཚན་རྩལ་ཟུང་འབྲེལ་གྱིས་ཀྲུང་གོའི་རྫ་དཀར་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པས་ས་གནས་ས་ཐོག་གི་ཀྲུང་གོ་དང་ཕྱི་རྒྱལ་གྱི་ལྟད་མོ་བའི་བསྔགས་བརྗོད་ཐོབ་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཁྲེན་ཀྲུའུ་དང་། ཧྥ་རན་སེའི་ཙུང་ཚུགས་ལི་ཟུར་པ་ལཱ་ཧྥ་ལན། ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའུ་ཧྲ་ཡེ། ཉི་སི་གྲོང་ཁྱེར་གྱི་ཧྲི་ཀྲང་ཁེ་ལི་སི་ཏི་ཨན·ཨེ་སི་ཐེ་ལུའོ་ཤིས་སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་400ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་བྱ་དགའ་ཐོབ་པའི་བརྩམས་ཆོས་དེ་དག་ཉི་སིའི་མ་སའེ་ན་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པ་རེད།

    འགྲེམས་སྟོན་འགོ་ཚུགས་མཛད་སྒོའི་ཐོག་ལཱ་ཧྥ་ལན་གྱིས་རིག་གནས་སྤེལ་རེས་བྱ་རྒྱུ་དེ་ཧྥ་ཀྲུང་འབྲེལ་བའི་ཁྲོད་དམིགས་བསལ་གྱི་ནུས་པ་ལྡན་ཡོད། མ་གཞི་རྒྱལ་ཁབ་གཉིས་པོའི་སྐད་ཡིག་མི་འདྲ་མོད། འོན་ཀྱང་ཧྥ་ཀྲུང་མི་དམངས་ཀྱི་རིག་གནས་སྒྱུ་རྩལ་ཐད་ཀྱི་དོན་གཉེར་དང་དགའ་སྣང་གཅིག་མཚུངས་རེད། ཧྥ་ཀྲུང་རིག་གནས་སྤེལ་རེས་བྱེད་པ་དེ་དམངས་ཁྲོད་སྤེལ་རེས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། ཧྥ་ཀྲུང་གི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་ཡང་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།

    ཨེ་སི་ཐེ་ལུའོ་ཤིས་ཀྱིས་ཡོ་རོབ་དང་ཀྲུང་གོ་དབར་བར་ཐག་ལེ་དབར་སྟོང་གིས་ཆོད་ཀྱང་རིག་གནས་སྤེལ་རེས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། རེ་བར་སྒོ་དབྱེ་དང་། ངོ་མཚར་ཆེ་བ། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་མུ་མཐུད་རྒྱུན་འཛིན་བྱས་ཏེ་ཧྥ་ཀྲུང་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་དམིགས་བསལ་ནུས་པ་འདོན་དགོས་ཞེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་རྫ་དཀར་གྱི་རྒྱལ་སྤྱིའི་རྫ་དཀར་སྒྱུ་རྩལ་གྱི་བྱ་དགའ་ཆེན་པོའི་འགྲན་བསྡུར་ལོ་གཉིས་རེར་ཐེངས་རེ་གཉེར་ནས་འཛམ་གླིང་གི་ཁྱབ་ཁོངས་སུ་རྫ་ཆས་དཀར་པོ་བརྒྱ་ཆ་ལྔ་བཅུ་ལས་མི་ཉུང་བ་སྤྱད་དེ་བཟོས་པའི་སྒྱུ་རྩལ་བརྩམས་ཆོས་བསྡུ་ལེན་བྱེད་པ་དང་འདི་ལོ་རྒྱལ་ཁབ་དང་ས་ཁུལ་40ནས་ཡིན་པའི་རྫ་དཀར་སྒྱུ་རྩལ་མཁས་ཅན་569འགྲན་བསྡུར་ནང་ཞུགས་ཏེ་བརྩམས་ཆོས་785འཁྱེར་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།