[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ནེའུ་ཙི་ལན་གྱི་རང་མོས་ཚོང་དོན་གྲོས་ཆོད་རིམ་སྤོར་གྱི་གྲོས་མོལ་བྱེད་མཇུག་འགྲིལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-08

     ཚེས་4ཉིན་གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ཚེས་4ཉིན་ཀྲུང་གོ་དང་ནེའུ་ཙི་ལན་གྱི་རྒྱལ་ཁབ་གཉིས་དབར་གྱི་རང་མོས་ཚོང་དོན་གྱི་གྲོས་ཆོད་རིམ་སྤོར་གྱི་གྲོས་མོལ་དངོས་སུ་བྱེད་མཇུག་འགྲིལ་བའི་ཁྱབ་བསྒྲགས་བྱས་པ་རེད།

    2008ལོར་ཀྲུང་གོ་དང་ནེའུ་ཙི་ལན་གྱིས་རང་མོས་ཚོང་དོན་གྱི་གྲོས་ཆོད་ལ་མིང་རྟགས་བཀོད་པ་དེའང་ཀྲུང་གོ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་མིང་རྟགས་བཀོད་པའི་རང་མོས་ཚོང་དོན་གྱི་གྲོས་ཆོད་ཁག་དང་པོ་དེ་རེད། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་ཚོང་དོན་བྱེད་སྒོར་འགྱུར་ལྡོག་གཏིང་ཟབ་བྱུང་བའི་རྒྱབ་ལྗོངས་འོག་ཀྲུང་ནེའུ་ཕྱོགས་གཉིས་པོས་2016ལོའི་ཟླ་11པར་རང་མོས་ཚོང་དོན་གྱི་གྲོས་ཆོད་རིམ་སྤོར་གྱི་གྲོས་མོལ་བྱེད་འགོ་ཚུགས་ནས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་མགྱོགས་མྱུར་དང་། འགུལ་རྣམ། དུས་བསྟུན་མདུན་སྐྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་ཡང་དག་མཚོན་པར་བྱས་པ་མ་ཟད། དེར་བརྟེན་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྔར་བས་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ནེའུ་རང་མོས་ཚོང་དོན་གྱི་གྲོས་ཆོད་རིམ་སྤོར་གྱི་གྲོས་མོལ་ལས་སྔར་ཡོད་ཀྱི་འགག་སྒོའི་བརྒྱུད་རིམ་དང་། མཉམ་ལས། དེ་སྔའི་ཐོན་སྐྱེད་བྱ་ཡུལ་གྱི་སྒྲིག་སྲོལ། དེ་བཞིན་ལག་རྩལ་རང་བཞིན་གྱི་ཚོང་དོན་གྱི་དཀའ་གནད་སོགས་དོན་ཚན་སྔར་བས་རིམ་པ་སྤར་བ་དང་། གློག་རྡུལ་ཚོང་དོན་དང་། ཁོར་ཡུག་དང་ཚོང་དོན། འགྲན་རྩོད་སྲིད་ཇུས། སྲིད་གཞུང་གི་ཉོ་སྒྲུབ་སོགས་ཀྱི་དོན་ཚན་མང་དུ་བཏང་ཡོད། ཕྱོགས་གཉིས་ཀྱིས་ད་དུང་ཞབས་ཞུའི་ཚོང་དོན་དང་དངོས་ཟོག་ཚོང་དོན་ཁྲོམ་རའི་འཇུག་འཐུས་དང་། རང་བྱུང་མིའི་སྒུལ་སྐྱོད། མ་དངུལ་འཇོག་པ་སོགས་ཀྱི་ཐད་ཁས་ལེན་གསར་པ་བྱ་རྒྱུ་རེད། ཀྲུང་གོ་དང་ནེའུ་ཙི་ལན་གྱི་ཕྱིར་གཏོང་ཚོང་པ་ཚང་མར་རིམ་པ་སྤར་རྗེས་སྔར་བས་སྟབས་བདེ་བའི་ཚོང་དོན་གྱི་སྒྲིག་སྲོལ་ཁྲོད་ནས་ཕན་པ་འཐོབ་སྲིད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།