[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཆའོ་ཀྲི·པུའུ་ཧྲིའི་ཨ་ཀྲུང་འབྲེལ་བའི་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞིས།

    ཨ་རི་དང་ཀྲུང་གོའི་མཉམ་ལས་གཉིས་ཁེ་ནི་དུས་ཀྱི་འཁོར་ཕྱོགས་ཡིན་ཞེས་བརྗོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-07

    ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཀོང་ཀྲོའུ་རུ“2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ནང་ཞུགས་བཞིན་པའི་ཨ་རིའི་ཆའོ་ཀྲི·པུའུ་ཧྲིའི་ཨ་ཀྲུང་འབྲེལ་བའི་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཉིར·པུའུ་ཧྲིས་ཀྲུང་གོའི་སྨྱན་སྦྱོར་གྱི་མཉམ་འབྲེལ་བཅར་འདྲི་དང་ལེན་བྱེད་སྐབས། ཨ་རི་དང་ཀྲུང་གོ་ཕྱོགས་གཉིས་པོའི་མཉམ་ལས་གཉིས་ཁེ་ནི་དུས་ཀྱི་འཁོར་ཕྱོགས་ཡིན་པས། ཨ་རི་དང་ཀྲུང་གོའི་འབྲེལ་བའི་མདུན་ལམ་ལ་གདེང་ཚོད་ཆེན་པོ་ཡོད་ཅེས་བརྗོད་པ་རེད།

    ཉིར·པུའུ་ཧྲིས། ཨ་རི་དང་ཀྲུང་གོའི་འབྲེལ་བ་ནི་འཛམ་གླིང་ཐོག་གལ་ཆེ་ཤོས་ཀྱི་ཕྱོགས་གཉིས་པོའི་འབྲེལ་བའི་གྲས་ཤིག་རེད། དུས་ཡུན་རིང་པོའི་ནང་ཕྱོགས་གཉིས་པོས་མཉམ་ལས་བརྒྱུད། གཉིས་ཕན་གཉིས་ཁེ་ཡོང་བ་བྱས་ཡོད། མིག་སྔར་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་སྔར་བས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པས་འཛམ་གླིང་གི་ངོས་ནས་བརྗོད་ན་ཨ་རི་དང་ཀྲུང་གོ་མཉམ་ལས་བྱེད་རྒྱུ་དེ་དུས་གང་རུང་ཞིག་ལས་ཀྱང་དགོས་མཁོ་ཆེ་བ་ཡོད་ཅེས་བརྗོད་པ་རེད།

    ཨ་རི་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་རྩོད་གཞིའི་སྐོར་གླེང་སྐབས། ཉིར·པུའུ་ཧྲིས། ཨ་རི་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40སོང་རིང་གི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཚེ། ཕྱོགས་གཉིས་པོའི་འབྲེལ་བར་འགལ་རྐྱེན་འཕྲད་མོད། མཐར་ཚང་མ་ཇེ་ལེགས་སུ་ཕྱིན་ཡོད་ཅེས་བརྗོད། ཨ་རི་དང་ཀྲུང་གོའི་འབྲེལ་བ་སྔར་བཞིན་རྒྱུན་གཏན་ལྟར་ཡོང་རྒྱུར་ཁོང་ལ་གདེང་ཚོད་ཆེན་པོ་ཡོད།

    ད་དུང་ཉིར·པུའུ་ཧྲིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70ཡི་རིང་། མི་རྣམས་ལ་བག་ཆགས་ཟབ་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ཞི་བདེ་དར་རྒྱས་ཡོང་བ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་བྱས་རྗེས་ངོ་མཚར་ཅན་ཞིག་རེད་ཅེས་བརྗོད།

    ཉིར·པུའུ་ཧྲིའི་ཕ་ཆའོ་ཀྲི·ཧོ་པོ་ཐེ·ཨོ་ཁེ·པུའུ་ཧྲིས(པུའུ་ཧྲི་རྒན་པ)1989ལོར་ཨ་རིའི་ཙུང་ཐུང་གི་འགན་ཁུར་བ་དང་། འགན་ཁུར་རྗེས་ཡུན་རིང་མ་སོང་བར་ཀྲུང་གོར་འཚམས་འདྲི་བྱས་པ་དང་། དེ་ནི་འགན་ཁུར་རྗེས་ཀྲུང་གོར་འཚམས་འདྲི་བྱེད་མགྱོགས་ཤོས་ཀྱི་ཨ་རིའི་ཙུང་ཐུང་ཞིག་རེད།

    “ཕྱོགས་མང་རིང་ལུགས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས”བརྗོད་དོན་གཙོ་བོར་བྱས་པའི“2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ཟླ་12ཚེས་1དང་2ཉིན་ཀོང་ཀྲོའུ་རུ་གཉེར་བ་དང་། ཕྱི་རྒྱལ་གྱི་སྲིད་དོན་མི་སྣ་ཟུར་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་ཟུར་པ་དང་དེ་བཞིན་མཛའ་མཐུན་མི་སྣའི་གཉེན་ཉེ་དང་། ཀྲུང་ཕྱིའི་ཁེ་ལས་མཁས་ཅན། རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་མི་260ལྷག་གླེང་སྟེགས་ལ་ཞུགས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།