[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འཛམ་གླིང་དྲ་སྦྲེལ་ཁྲིམས་སྐྱོང་གླེང་སྟེགས་སྐབས་དང་པོ་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-07

     ཟླ་12ཚེས་5ཉིན། ཀྲུང་གོའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གཉེར་བའི་འཛམ་གླིང་དྲ་སྦྲེལ་ཁྲིམས་སྐྱོང་གླེང་སྟེགས་ཀྲེ་ཅང་ཝུའུ་ཀྲེན་དུ་འཚོགས་ཤིང་། རྒྱལ་ཁབ་དང་ས་ཁུལ་24ནས་ཡོང་བའི་ཆེས་མཐོའི་ཁྲིམས་ཁང་གི་དབུ་བཞུགས་ཁྲིམས་དཔོན་ཆེ་མོ་དང་ཁྲིམས་དཔོན་ཆེ་མོ་གླེང་སྟེགས་ལ་ཞུགས་པ་དང་། ཚོགས་འདུར་ཞུགས་མཁན་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་300ལྷག་ཡོད།

    ཐེངས་འདིའི་གླེང་སྟེགས་ནི་ཀྲུང་གོས་གཉེར་བའི“ཁྲིམས་སྐྱོང་ལ་བརྟེན་ནས་དྲ་བའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་སྤྱིའི་ཚོགས་འདུ་འཚོགས་ཐེངས་དང་པོ་དེ་རེད། ཚོགས་འདུ་འཚོགས་རིང་། ཀྲུང་གོ་ཕྱོགས་ཀྱི་འཐུས་མིས། ཀྲུང་གོའི་ཁྲིམས་ཁང་གིས་དྲ་སྦྲེལ་ཁྲིམས་ཁང་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་དྲ་སྦྲེལ་དུས་རབས་ཀྱི་འདྲི་གཅོད་ལམ་སྲོལ་དཔེ་གསར་དང་ཞུ་གཏུག་བརྒྱུད་རིམ་སྒྲིག་སྲོལ་སོགས་འཚོལ་ཞིབ་བྱེད་པའི་ཕྱོགས་ཀྱི་བྱེད་སྟངས་དང་ཉམས་མྱོང་ངོ་སྤྲོད་བྱས་པ་རེད། ཚོགས་འདུར་ཞུགས་མཁན་ཕྱོགས་ཁག་གིས་དྲ་སྦྲེལ་ཁྲིམས་སྐྱོང་འཛུགས་སྐྱོང་ཐད་ཀྱི་ཉམས་མྱོང་སྤེལ་རེས་དང་དྲ་སྦྲེལ་ཁྲིམས་སྐྱོང་འཕེལ་རྒྱས་ཀྱི་འདུན་ལམ་ལ་གྲོས་བསྡུར་བྱས་ཏེ་ཕན་ཚུན་བློ་སྒོ་འབྱེད་རེས་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག ཞིབ་འཇུག་བགྲོ་གླེང་གཏིང་ཟབ་བཅས་བྱས་ཏེ་དྲ་སྦྲེལ་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།

    ཚོགས་འདུར་ཞུགས་མཁན་ཕྱོགས་ཁག་གིས་གྲོས་བསྡུར་གཟབ་ནན་བྱས་པ་བརྒྱུད《འཛམ་གླིང་དྲ་སྦྲེལ་ཁྲིམས་སྐྱོང་གླེང་སྟེགས་ཀྱི་ཝུའུ་ཀྲེན་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་རེད། 《ཝུའུ་ཀྲེན་བསྒྲགས་གཏམ》ནང་རྒྱལ་ཁབ་ཁག་གིས་རང་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར། བཅའ་ཁྲིམས། ལམ་ལུགས་འཛུགས་སྐྱོང་བཅས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། སྒོ་དབྱེ་མཉམ་ལས་དང་། གཉིས་ཕན་མཉམ་སྤྱོད། མཉམ་སྡུད་མཉམ་གསོག རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཐོག་ཕན་ཚུན་དབར་གྱི་དྲ་སྦྲེལ་འཕེལ་རྒྱས་འཐབ་ཇུས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བསམ་ཤེས་དང་བརྩི་འཇོག་བྱས་ཏེ། དྲ་སྦྲེལ་དུས་རབས་ཀྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས་ཤིང་། དྲ་སྦྲེལ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་ཆགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དྲ་སྦྲེལ་ཁྲིམས་སྐྱོང་འཛུགས་སྐྱོང་དང་གོ་ལ་ཧྲིལ་པོའི་དྲ་བའི་བར་མཐོངས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ཕན་ཚུན་སྦྲེལ་མཐུད་དང་མཉམ་སྤྱོད་མཉམ་བཅོས་ཀྱི་དྲ་བའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་འཁོད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།