[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་པ་སིས་ཨ་རིའི“འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཆར་གཞི་གསར་པ”རྩ་བ་ནས་དང་ལེན་བྱས་མེད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-14

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་2ཚེས་11ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་11ཉིན། ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དུས་བབ་དང་ཕ་ལེ་སི་ཐན་གྱི་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་བྱས་ཏེ། ཨ་རིའི“འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཆར་གཞི་གསར་པ”རྩ་བ་ནས་དང་ལེན་བྱེད་ཀྱི་མིན། ཡིན་ཡང་དབྱི་སི་རལ་དང་གྲོས་མོལ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    ཨ་པ་སིས། འཆར་གཞི་དེས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་ཕན་པ་མེད་པས་ཕ་ལེ་སི་ཐན་ཕྱོགས་ཀྱིས་འཆར་གཞི་དེ་དང་ལེན་བྱེད་ཀྱི་མིན་ལ་ལག་བསྟར་བྱས་ཚེ་ངོ་རྒོལ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ཨ་པ་སི་ཡིས། ཕ་ལེ་སི་ཐན་གྱིས་འཆར་གཞི་དེ་དང་ལེན་མི་བྱེད་པའི་རྒྱུ་མཚན་ནི་དེར་རྒྱལ་སྤྱིའི་ལུགས་མཐུན་རང་བཞིན་མེད་ལ“ཨ་རབ་ཀྱི་ཞི་བའི་གྲོས་འགོ”ལས་འགལ་ཡོད། འཆར་གཞི་དེར་ཕ་ལེ་སི་ཐན་བའི་རང་ཐག་རང་གཅོད་དབང་ཆ་དང་། རང་དབང་། རང་བཙན་སོགས་ཀྱི་དབང་ཆ་མེད་པར་བཟོས་ཏེ་ཡ་གུ་དཱ་པའི་གཞིས་ཆགས་ས་དང་། ཕ་ལེ་སི་ཐན་བའི་ས་ཆ་གཞུང་བཞེས་གཏོང་བ། ཕ་ལེ་སི་ཐན་གྱི་མངའ་ཁོངས་ས་ཆ་ཟླ་སྒྲིལ་གཏོང་བ་སོགས་ཁྲིམས་འགལ་བྱེད་སྤྱོད་ཁྲིམས་མཐུན་ཅན་བཟོས་ཡོད་ཅེས་བརྗོད་པ་རེད།

    ཨ་པ་སིས། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་གཞུང་དྲང་དང་དྲང་བདེན་གྱིས་རྒྱལ་སྤྱིའི་ལུགས་མཐུན་རང་བཞིན་ལྡན་པའི་གྲོས་ཆོད་ལག་བསྟར་ལ་རྒྱབ་སྐྱོར་བྱས་ནས་དབྱི་སི་རལ་དང་ཕ་ལེ་སི་ཐན་དབར་དངོས་འབྲེལ་ཞི་བདེ་ཡོང་བ་བྱ་རྒྱུའི་རེ་བ་ཡོད། བཙན་ཐབས་ཀྱི་ཞི་བདེ་ནི་ཡུན་རིང་འཁྱོལ་མི་ཐུབ་ཅེས་བརྗོད་པ་རེད།

    ཨ་པ་སིས། ད་དུང་ཕ་ལེ་སི་ཐན་བས་གཏུམ་སྤྱོད་དང་འཇིགས་སྐུལ་རིང་ལུགས་ཀྱི་བྱེད་སྤྱོད་སྤེལ་མི་སྲིད་ལ་ཡ་གུ་དཱ་པ་ཡང་དགྲ་བོར་བརྩི་མི་སྲིད། དབྱི་སི་རལ་ནང་ཁུལ་དུ་ཞི་བདེར་རེ་སྨོན་བྱེད་མཁན་མཉམ་ལས་རོགས་ཟླ་ཡོད་ཚེ། ཁོང་གིས་འཕྲལ་དུ་ཞི་མོལ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།