[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས།

    རིམས་འགོག་ལ་རྒྱལ་མཚམས་མེད་པས། རྒྱལ་སྤྱིའི་སྤྱི་ཚོཌ་ཀྱིས་མཉམ་དུ་ཁ་གཏད་གཅོག་དགོས་པ་བསྟན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་དྲ་ཐོག་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་རིམས་འགོག་ལ་རྒྱལ་མཚམས་མེད་པས། རིམས་ནད་ལ་ཁ་གཏད་གཅོག་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་དུ་ཁ་གཏད་གཅོག་དགོས་ཞེས་བརྗོད་པ་རེད།

    གནས་ཚུལ་སྤེལ་བར་གཞིགས་ན། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་27གྱི་འཕྲོད་བསྟེན་པུའུ་ཀྲང་གིས་ཚེས་13ཉིན་ཏོག་གསར་གློ་ཚད་རིམས་ནད་ཐད་ལ་དམིགས་བསལ་ཚོགས་འདུ་འཚོགས་ཏེ། ཁོངས་མིའི་རྒྱལ་ཁབ་ཁག་གི་བྱ་སྤྱོད་ལ་གྲོས་བསྡུར་དང་མཐུན་སྦྱོར་བྱས་པ་དང་། ཡོ་རོབ་ཨུ་ལྷན་གྱིས་ཟླ་གོང་མར་གྲོན་དངུལ་ཨ་སྒོར་ཁྲི་1000བཏང་སྟེ་ནད་དུག་དེར་ཞིབ་འཇུག་དང་ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པར་ཡོ་རོབ་མནའ་འབྲེལ་གྱིས་མུ་མཐུད་རོགས་རམ་བྱ་རྒྱུ་ཡིན་པ་རེད།

    “ང་ཚོས་འབྲེལ་ཡོད་གནས་ཚུལ་སྤེལ་བར་དོ་སྣང་བྱུང་ལ། ཡོ་རོབ་མནའ་འབྲེལ་གྱི་ཉེན་ཁ་དོ་དམ་ཨུ་ལྷན་གྱིས་མིག་སྔའི་གཙོ་གནད་ལས་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ། ཐུན་མོང་ཐོག་རིམས་ནད་ལ་ཁ་གཏད་གཅོག་རྒྱུར་མཉམ་ལས་བྱེད་དགོས་པ་དེ་ཡིན་པ་ནན་བཤད་བྱས་པར་ཡང་དོ་སྣང་བྱུང”ཞེས་ཀེང་ཧྲོང་གིས་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས་དེ་ལྟར་བརྗོད་ཅིང་། ཁོང་གིས་རིམས་འགོག་ལ་རྒྱལ་མཚམས་མེད་པས། རིམས་ནད་ལ་ཁ་གཏད་གཅོག་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་དུ་ཁ་གཏད་གཅོག་དགོས། “འབྲེལ་ཡོད་རྒྱལ་ཁབ་ཀྱིས་སེམས་ལྷོད་ལ་ཕབ་ནས་ཚན་རིག་དང་མཐུན་པའི་ཞིབ་གཅོད་དང་དཔྱོད་ཤེས་ཀྱིས་ཁ་གཏད་བཅག་སྟེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དབང་གྲགས་ལྡན་པའི་བསམ་འཆར་ལ་ཉན་དགོས”ཞེས་བརྗོད་པ་རེད།

    “དེ་དང་ཆབས་ཅིག ང་ཚོས་ཡོ་རོབ་མནའ་འབྲེལ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་རིམས་ནད་འགོག་རྒོལ་བྱེད་པའི་ཐད་རྒྱབ་སྐྱོར་དང་རོགས་རམ་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ”ཞེས་ཀེང་ཧྲོང་གིས་བརྗོད་ཅིང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཡོངས་བསྒྲགས་དང་། ཕྱི་གསལ་ནང་གསལ། འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ལ་ཁ་གཏད་བཅག་རྒྱུར་མཉམ་ལས་བྱས་ཏེ་སྟེ་ནད་དུག་སྔ་ཙམ་མེད་པར་བཟོ་འདོད་ཡོད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།