[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ཐུང་ཧྲེ་ཐེ་དབྱིན་མེལ་དང་ཙུང་ལི་མོ་ཁེར་ཁག་སོ་སོར་ཁོའར་སྐུ་གཤེཌ་པར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-19

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ཐུང་ཧྲེ་ཐེ་དབྱིན་མེལ་དང་ཙུང་ལི་མོ་ཁེར་ཁག་སོ་སོར་འཇར་མན་གྱི་ཙུང་ལི་ཟུར་པ་ཁོའར་སྐུ་གཤེགས་པར་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་བ་དང་འབྲེལ་སྒེར་གྱི་མིང་ཐོག་ནས་ཁོའར་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་པ་དང་འབྲེལ་ཁོང་གི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲི་ཡང་ཞུས་པ་རེད།

    མྱ་ངན་ཞུ་བའི་གློག་འཕྲིན་ནང་ཞི་ཅིན་ཕིང་གིས་ཁྱད་དུ་འཕགས་པའི་ཆབ་སྲིད་མཁས་ཅན་སྐུ་ཞབས་ཁོའར་གྱིས་འཇར་མན་བསྐྱར་དུ་གཅིག་གྱུར་མངོན་འགྱུར་དང་ཡོ་རོབ་གཞི་གཅིག་ཅན་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས་ཁོང་གི་ལོ་རྒྱུས་མཛད་རྗེས་འཛམ་གླིང་སྐྱེ་བོ་ཀུན་གྱི་བློ་ལ་ངེས་རྒྱུ་རེད། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་འཇར་མན་དང་ཀྲུང་གོ་དང་ཡོ་རོབ་དབར་གླེང་མོལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་གནང་སྟེ་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་འབྲེལ་ཀྲུང་གོ་མི་དམངས་ཀྱིས་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་རྒྱུ་མངོན་འགྱུར་བྱེད་པའི་ཐད་བསམ་ཤེས་དང་རྒྱབ་སྐྱོར་གནང་ཡོད་པས་ཀྲུང་གོ་མི་དམངས་ཀྱིས་གྲོགས་པོ་རྙིང་པ་ཁོང་ནམ་ཡང་བརྗེད་མི་སྲིད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་དང་འཇར་མན་མི་དམངས་ཀྱི་མཛའ་གྲོགས་ལ་གཅེས་འཛིན་བྱས་ཏེ་འཇར་མན་དང་མཉམ་དུ་ཐུན་མོང་ཐོག་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།