[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་དུ་སྤྱི་སྐད་ཁྱབ་གདལ་བྱུང་ཚད་73%ཙམ་ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-14

    ཚེས་8ཉིན་སློབ་གསོ་པུའི་སྐད་ཡིག་བེད་སྤྱོད་དོ་དམ་སི་དང་སྐད་ཡིག་ཆ་འཕྲིན་དོ་དམ་སིའི་སི་ཀྲང་ཐན་ལི་ཤིན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རང་རྒྱལ་དུ་སྤྱི་སྐད་ཁྱབ་གདལ་བྱུང་ཚད་73%ཡས་མས་སུ་མཐོ་རུ་ཕྱིན་པ་དང་ཡི་གེ་ཤེས་པའི་མི་95%ཡན་གྱིས་ཚད་ལྡན་རྒྱ་ཡིག་སྤྱོད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཁོང་གིས་ཉེ་བའི་ལོ་20ཙམ་རིང་རྒྱལ་ཁབ་ཀྱི་སྐད་ཡིག་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། སྤྱི་སྐད་ཁྱབ་གདལ་བྱུང་ཚད་2000ལོའི་53%ནས་2015ལོའི་73%ཡས་མས་སུ་མཐོ་རུ་ཕྱིན་པ་དང་། སྤྱི་སྐད་ཆུ་ཚད་ཀྱི་ཚོད་རྒྱུགས་ནང་ཞུགས་མཁན་རིམ་རྩིས་བྱས་ན་མི་ཐེངས་ཁྲི་6500ལས་བརྒལ་བ། ཡི་གེ་ཤེས་པའི་མི་95%ཡན་གྱིས་ཚད་ལྡན་རྒྱ་ཡིག་སྤྱོད་པ་བཅས་ལས་སྤྱི་ཚོགས་ཐོག་ཡི་གེ་སྤྱོད་ཚུལ་སྔར་བས་ཚད་ལྡན་དུ་གྱུར་ཡོད་ཅེས་བཤད་པ་རེད། དུས་མཚུངས་སུ་རྒྱ་ཡིག་དེའང་རྒྱལ་སྤྱིའི་སྐད་ཡིག་གལ་ཆེན་ཞིག་ཏུ་འགྱུར་བ་དང་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་རྒྱ་ཡིག་སློབ་སྦྱོང་བྱེད་མཁན་ཡང་རྒྱུན་ཆད་མེད་པར་མང་དུ་འགྲོ་གི་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་9ཚེས་11ནས་ཚེས་17ཉིན་བར“རྒྱལ་ཁབ་ཀྱི་ཐུན་མོང་ཐོག་སྤྱོད་པའི་སྐད་ཡིག་ནུས་ཤུགས་གང་ཡོད་ཀྱིས་ཁྱབ་གདལ་དང་ཚད་ལྡན་ངང་སྤྱོད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རང་རྟོགས་ངང་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཡོངས་ཀྱི་སྤྱི་སྐད་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་གཟའ་འཁོར་ཨང་ཉི་ཤུ་པའི་བྱེད་སྒོ་སྤེལ་རྒྱུ་རེད། རྒྱལ་ཡོངས་ཀྱི་སྤྱི་སྐད་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་གཟའ་འཁོར་རིང་ཀྲུང་ཧྭའི་གསུང་རབ་གྱེར་འདོན་དང་། རྒྱ་ཡིག་དཔོད་བྲིས། “ཡིག་གཟུགས་མཁས་པ་སློབ་གྲྭའི་ནང་སྐྱོད་པ”སྐད་གཉིས་དགེ་རྒན་གསོ་སྦྱོང་སོགས་པའི་ནང་དོན་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་རྒྱུ་རེད།

    ཡོངས་བསྒྲགས་ཚོགས་འདུའི་ཐོག་ད་དུང་དུས་ཚིགས་གསུམ་པའི《ཀྲུང་གོའི་སྙན་ངག་ཚོགས་ཆེན》ཞེས་པ་བསྟན་རྒྱུ་མིག་སྔར་གྲ་སྒྲིག་བྱེད་མུས་ཡིན་པ་དང་2018ལོའི་དཔྱིད་གསར་དུས་ཆེན་རིང་བསྟུད་མར་བསྟན་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།