[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་ཝེ་ཀྲུང་མཛའ་གྲོགས་ཕོ་བྲང་བསྐྲུན་ཟིན་ནས་རྩིས་སྤྲོད་པའི་མཛད་སྒོ་དང་ཧ་ནོ་དབྱིའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་སྒོ་བྱང་གི་རས་ཁེབས་འབྱེད་པའི་མཛད་སྒོར་ཕེབས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-14

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་12ཉིན་ཧ་ནོ་དབྱིར་ཝེ་ཀྲུང་མཛའ་གྲོགས་ཕོ་བྲང་བསྐྲུན་ཟིན་ནས་རྩིས་སྤྲོད་པའི་མཛད་སྒོ་དང་ཧ་ནོ་དབྱིའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་སྒོ་བྱང་གི་རས་ཁེབས་འབྱེད་པའི་མཛད་སྒོར་ཕེབས་པ་རེད།

    ཞི་ཅིན་ཕིང་མཛའ་གྲོགས་ཕོ་བྲང་དུ་ཕེབས་འབྱོར་ཟིན་པར་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་འཐུས་མི་དང་ཝེ་ཐེ་ནམ་གྱི་གཞོན་ནུ་ཚོས་རུ་སྟར་བསྒྲིགས་ནས་དགའ་བསུ་ཞུས་པ་དང་། ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲི་ཅིན་དབྱིན་གྱིས་སྒོ་ཁར་ཕེབས་བསུ་ཞུས་ཡོད་པ་རེད།

    རོན་ཧྲི་ཅིན་དབྱིན་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་མཛད་སྒོ་འཚོགས་ཡུལ་དུ་ཕེབས་ཤིང་། ཝེ་ཀྲུང་མཛའ་གྲོགས་ཕོ་བྲང་བསྐྲུན་ཟིན་ནས་རྩིས་སྤྲོད་པའི་མཛད་སྒོ་འཚོགས་འགོ་ཚུགས་པ་དང་། དེ་གར་མཛའ་གྲོགས་ཕོ་བྲང་རྣམ་གྲངས་ངོ་སྤྲོད་བྱེད་པའི་བརྙན་ལམ་ཐུང་ངུ་བསྟན་པ་རེད། ཞི་ཅིན་ཕིང་དང་རོན་ཧྲི་ཅིན་དབྱིན་རྣམ་གཉིས་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་རྗེས། ཞི་ཅིན་ཕིང་གིས་རོན་ཧྲི་ཅིན་དབྱིན་ལ་རྣམ་གྲངས་དེའི“གསེར་གྱི་ལྡེ་མིག”རྩིས་སྤྲད་གནང་བ་དང་། ཧ་ནོ་དབྱིའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་སྒོ་བྱང་གི་རས་ཁེབས་འབྱེད་པའི་མཛད་སྒོ་འཚོགས་འགོ་ཚུགས་ནས། ཞི་ཅིན་ཕིང་དང་རོན་ཧྲི་ཅིན་དབྱིན་རྣམ་གཉིས་ཀྱིས་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་སྒོ་བྱང་གི་རས་ཁེབས་མཉམ་དུ་ཕྱེ་གནང་བ་རེད། རོན་ཧྲི་ཅིན་དབྱིན་གྱི་ཕེབས་རོགས་འོག ཞི་ཅིན་ཕིང་གིས་མཛའ་གྲོགས་ཕོ་བྲང་དུ་ཀྲུང་ཝེའི་མཛའ་གྲོགས་སྒྱུ་རྩལ་བརྐོས་བརྙན་དང་ཟློས་གར་ཁང་ཆེ་མོར་གཟིགས་སྐོར་གནང་བ་རེད།

    གཟིགས་སྐོར་གནང་རྗེས། ཞི་ཅིན་ཕིང་དང་རོན་ཧྲི་ཅིན་དབྱིན་རྣམ་གཉིས་ཀྱིས་དེ་གར་བཞུགས་པའི་ཀྲུང་ཝེའི་མཛའ་གྲོགས་མི་སྣ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་སྦྲགས། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འགྲོ་འོང་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུའི་སྐུལ་ལྕག་ཀྱང་གནང་བ་རེད།

    ཧ་ནོ་དབྱི་གྲོང་ཁྱེར་དུ་ཡོད་པའི་ཝེ་ཀྲུང་མཛའ་གྲོགས་ཕོ་བྲང་རྣམ་གྲངས་དེའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.38ཟིན་ནས་ཀྲུང་གོས་ཝེ་ཐེ་ནམ་ལ་རོགས་སྐྱོར་བྱས་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཏུ་གྱུར་ཡོད་པ་རེད། ཧ་ནོ་དབྱིའི་ཀྲུང་གོའི་རིག་གནས་ལྟེ་གནས་ནི་ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཕྱོགས་ཀྱི་རིག་གནས་སྒྲིག་གཞི་ཞིག་ཡིན་པ་རེད།

    ཏིང་ཤོའེ་ཞང་དང་། ལིའུ་ཧོ། དབྱང་ཅེ་ཁྲེ་སོགས་ཀྲུང་གོ་ཕྱོགས་ཀྱི་ཕེབས་རོགས་མི་སྣ་དང་། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་སློབ་གསོ་པུའི་པུའུ་ཀྲང་བཅས་ཡིན་པའི་ཝུའུ་ཝུན་ཧྲང་། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དམངས་ཚོགས་ལས་འགུལ་པུའི་པུའུ་ཀྲང་བཅས་ཡིན་པའི་ཀྲང་ཧྲི་མེ། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། ཧུའུ་ཀྲི་མིང་རྒྱལ་ཁབ་ཆབ་སྲིད་སློབ་གླིང་གི་ཡོན་ཀྲང་། ཝེ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་རོན་ཁྲུན་ཧྲེང་སོགས་གོང་གསལ་གྱི་བྱེད་སྒོར་ཕེབས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།