[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཁྲེན་ཏ་ཀོང་གིས་མཉམ་དུ་འཚོགས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-14

    ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཁྲེན་ཏ་ཀོང་གིས་གྲོང་ཁྱེར་ཧ་ནོ་དབྱི་རྒྱལ་སྤྱིའི་ཚོགས་འདུ་ལྟེ་གནས་སུ་འཚོགས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་གཟབ་རྒྱས་ལ་ཞུགས་པ་རེད།

    ས་གནས་དེའི་དུས་ཚོད་དགོང་མོའི་ཆུ་ཚོད་7དང་སྐར་མ་30ལ་ཞི་ཅིན་ཕིང་དང་རོན་ཧྥུའུ་ཀྲུང་ལྷན་དུ་གསོལ་སྟོན་ཚོམས་ཆེན་དུ་ཕེབས་སྐབས་ཁྲེན་ཏ་ཀོང་གིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད། རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་རེད།

    རོན་ཧྥུའུ་ཀྲུང་གིས་ཝེ་ཐེ་ནམ་ལྷོ་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་ཞི་ཅིན་ཕིང་ཝེ་ཐེ་ནམ་དུ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཤིང་། རོན་ཧྥུའུ་ཀྲུང་གིས་ཝེ་ཐེ་ནམ་དང་ཀྲུང་གོ་ནི་མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་ཡུན་རིང་གི་སྲོལ་རྒྱུན་མཛའ་གྲོགས་ལྡན་ཡོད། ཀྲུའུ་ཞི་ཧུའུ་ཀྲེ་མིང་དང་ཀྲུའུ་ཞི་མའོ་ཙེ་ཏུང་སོགས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་པ་ཚོས་སྐྱེད་སྲིང་གནང་བའི་མཛའ་གྲོགས་ཟབ་མོ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་ཆེའི་མཆོག་ནོར་ལ་གྱུར་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་དངོས་གཉེར་མཉམ་ལས་ཟབ་ཏུ་བཏང་སྟེ་ཝེ་ཐེ་ནམ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་དེས་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བར་སྒུལ་ཤུགས་གསར་པ་སྣོན་ངེས་ཀྱི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གི་ཤིས་ཚིག་ནང་ལོ་གཉིས་སོང་རྗེས་སླར་ཡང་མཛེས་སྡུག་ལྡན་པའི་ཝེ་ཐེ་ནམ་དུ་སླེབས་སྐབས་ཝེ་ཐེ་ནམ་གྱི་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་སླར་ཡང་ཚོར་བྱུང་། ད་ཆའི་ཝེ་ཐེ་ནམ་འདི་ཉིད་ཆབ་སྲིད་དང་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡོད། ཝེ་ཐེ་ནམ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཝེ་ཐེ་ནམ་མི་དམངས་ཀྱིས་ཝེ་ཐེ་ནམ་འདི་ཉིད་སྔ་ཙམ་རྒྱལ་དར་དམངས་ཕྱུག་དང་། གཞུང་དྲང་། དམངས་གཙོ། ཤེས་དཔལ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཏུ་བསྐྲུན་ཐུབ་ངེས་ཀྱི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ང་ད་ཐེངས་འཚམས་འདྲིར་ཡོང་བའི་དམིགས་ཡུལ་གཙོ་བོ་ནི་སྲོལ་རྒྱུན་མཛའ་གྲོགས་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་འཆར་འགོད་བྱ་རྒྱུ་དེ་ཡིན། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་ཀྱིས་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན། ཐུན་མོང་ཐོག་འཕེལ་རྒྱས་གྲ་རྒྱས་དོན་གཉེར་བཅས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ལ། ས་ཁུལ་དེ་རང་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལ་ཕན་ཐོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་མཉམ་དུ་མུ་མཐུད་ཡུན་རིང་བརྟན་ལྷིང་དང་། འབྱུང་འགྱུར་ལ་ཕྱོགས་པ། ཁྱིམ་མཚེས་མཛའ་གྲོགས། ཕྱོགས་ཡོངས་མཉམ་ལས་བཅས་ཀྱི་མཛད་ཕྱོགས་དང་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། བློ་མཐུན་ཡག་པོ། རོགས་ཟླ་ཡག་པོ་བཅས་ཀྱི་སྙིང་སྟོབས་ལ་སྲུང་བརྩི་ཞུས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    གསོལ་སྟོན་མཛའ་གྲོགས་ཀྱི་རྣམ་པ་ཟབ་མོའི་ཁྲོད་འཚོགས་པ་་རེད།

    གསོལ་སྟོན་མ་བཤམས་གོང་ཞི་ཅིན་ཕིང་དང་རོན་ཧྥུའུ་ཀྲུང་གིས“ཝེ་ཐེ་ནམ་པར་རྒྱག་མཁས་ཅན་གྱི་མིག་ནང་གི་ཀྲུང་གོ”ཞེས་པའི་པར་རིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།

    ཏིང་ཤོའེ་ཞང་དང་། ལིའུ་ཧོ། དབྱང་ཅེ་ཁྲེ་སོགས་ཀྲུང་གོ་ཕྱོགས་ཀྱི་ཕེབས་རོགས་མི་སྣ་དང་། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྒྱུན་ལས་ཧྲུའུ་ཅི། ཀྲུང་དབྱང་ཞིབ་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཁྲེན་གོ་དབང་། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཧྥན་མིང་ཀྲེན། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཙུང་ལི་གཞོན་པ། ཕྱི་འབྲེལ་པུའི་པུའུ་ཀྲང་བཅས་ཡིན་པའི་ཧྥན་ཕིང་མིང་། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཝུའུ་ཝུན་ཧྲང་། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དཔལ་འབྱོར་པུའི་པུའུ་ཀྲང་བཅས་ཡིན་པའི་རོན་ཝུན་ཕིང་། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དམངས་ཚོགས་ལས་འགུལ་པུའི་པུའུ་ཀྲང་བཅས་ཡིན་པའི་ཀྲང་ཧྲེ་མེ། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ལས་ཙུང་ལི་གཞོན་པ་ཀྲང་ཧོ་ཕིང་། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཙུང་ལི་གཞོན་པ་ཝང་ཐིང་ཧུའེ། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲུང་པུའི་པུའུ་ཀྲང་ཝུའུ་ཁྲུན་ལི། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་སྤྱི་བདེ་པུའི་པུའུ་ཀྲང་སུའུ་ལིན་སོགས་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།