[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2017ལོ་འཁོར་གྱི་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཧྲང་ཧའེ་ཧྥུང་ཅིང་དུ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-14

    ཉེ་ཆར། 2017ལོ་འཁོར་གྱི་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཁྱབ་བསྒྲགས་བྱེད་པའི་མཛད་སྒོ་ཧྲང་ཧའེ་གྲོང་ཁྱེར་ཅིན་ཧྲན་ཆུས་སུ་གནས་པའི་ཀྲུང་གོའི་གཏམ་རྒྱུད་ཀྱི་རྟེན་གཞི་ཧྥུང་ཅིང་དུ་གཉེར་བ་དང་། ས་གནས་ས་ཐོག་ཏུ་2017ལོ་འཁོར་གྱི་ཀྲུང་གོའི་གཏམ་རྒྱུད་ཡག་པོ་4ཁྱབ་བསྒྲགས་བྱས་པ་རེད། གཞན་ཡང་ད་དུང“ལོ་འཁོར་གྱི་ཀློག་པ་པོས་དགའ་ཤོས་བྱེད་པའི་ཀྲུང་གོའི་གཏམ་རྒྱུད་ཡག་པོ”1དང“ལོ་འཁོར་གྱི་ཀྲུང་གོའི་གཏམ་རྒྱུད་ཡག་པོའི་རྩོམ་པ་པོ”1ཐོན་ཡོད་པ་རེད།

    ད་རེས་ཀྱི་ཁྱབ་བསྒྲགས་མཛད་སྒོ་དེ་ཀྲུང་གོ་དམངས་ཁྲོད་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་གཏམ་རྒྱུད་ཨུ་ལྷན་དང་ཧྲང་ཧའེ་གྲོང་ཁྱེར་ཅིན་ཧྲན་ཆུས་ཧྥུང་ཅིང་གྲོང་རྡལ་གྱིས་ཐུན་མོང་ཐོག་གཉེར་བ་ཞིག་རེད། གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2017ལོ་འཁོར་གྱི་ཀྲུང་གོའི་གཏམ་རྒྱུད་ཡག་པོའི་ནང་ཚུད་པའི་བརྩམས་ཆོས་ནི་2017ལོ་འཁོར་གྱི“ཀྲུང་གོའི་གཏམ་རྒྱུད་འདུ་ཚོགས”ཀྱི་བྱེད་སྒོ་རབ་དང་རིམ་པ་ལས་ཐོན་པའི“ཀྲུང་གོའི་གཏམ་རྒྱུད་ཡག་པོ”ཁག་དང་པོ་དང་གཉིས་པ་དང་། དེ་བཞིན་འབྲེལ་ཡོད་གཏམ་རྒྱུད་དུས་དེབ་ཁང་གིས་ལོ་དེར་བརྩམས་ཆོས་ཁྲི་2ལྷག་ཙམ་ཁྲོད་ནས་འོས་སྦྱོར་བྱས་ཏེ་ཐོན་པ་ཞིག་རེད། ཐོག་མའི་ཞིབ་བཤེར་དང་། བསྐྱར་བཤེར། མཐའ་མའི་ཞིབ་བཤེར་བཅས་ཞིབ་བཤེར་ལྟ་ཀློག་རིམ་པ་གསུམ་བརྒྱུད་ཞིབ་བཤེར་ལྟ་ཀློག་བྱས་འབྲས་གཞིར་བཟུང་། མཐར་ཕུལ་བྱུང་གི་བརྩམས་ཆོས་4ལ“ལོ་འཁོར་གྱི་ཀྲུང་གོའི་གཏམ་རྒྱུད་ཡག་པོའི”མཚན་སྙན་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།