[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི“འཕུར་མདའ་གཅིག་དང་སྲུང་སྐར་གཉིས”ཀྱིས་སྐར་མ་སྨེ་བདུན་གྱི་ཕྱོགས་སྟོན་སྲུང་སྐར་གཉིས་འཕེན་གཏོང་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-14

    ཟླ་1ཚེས་12ཉིན་གྱི་ཆུ་ཚོད་7དང་སྐར་མ་18ཐོག རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་དང་དེ་བཞིན་རྒྱང་སྐྱོད་ཨང་དང་པོའི་སྟེང་ངོས་རིམ་པའི་ཐོག“འཕུར་མདའ་གཅིག་དང་སྲུང་སྐར་གཉིས”ཀྱི་བྱེད་ཐབས་ལ་བརྟེན་ནས་སྐར་མ་སྨེ་བདུན་གྱི་ཕྱོགས་སྟོན་སྲུང་སྐར་ཨང་ཉེར་དྲུག་པ་དང་ཉེར་བདུན་པ་འཕེན་གཏོང་ལེགས་གྲུབ་བྱུང་བ་རེད། སྲུང་སྐར་དེ་གཉིས་ནི་ཀྲུང་ཡོན་སའི་གོ་ལའི་འཁོར་ལམ་གྱི་སྲུང་སྐར་གྱི་ཁོངས་སུ་གཏོགས་པ་དང་། དེ་གཉིས་ནི་རང་རྒྱལ་གྱི་སྐར་མ་སྨེ་བདུན་ལས་གྲྭ་ཨང་གསུམ་པའི་དྲ་ཚོགས་ཀྱི་སྲུང་སྐར་ཨང་གསུམ་པ་དང་བཞི་པ་རེད།

    ད་ཐེངས་འཕེན་གཏོང་བྱས་པ་ནི་སྐར་མ་སྨེ་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་2018ལོར་ཐེངས་དང་པོར་འཕེན་གཏོང་བྱས་པ་ཞིག་ཡིན་པ་དེ་ལས་ལོ་འཁོར་གསར་པའི་སྐར་མ་སྨེ་བདུན་གྱི་ཚགས་དམ་པའི་འཕེན་གཏོང་དངོས་སུ་བྱེད་འགོ་ཚུགས་ཡོད་པ་རེད།

    དེ་ནི་རྒྱང་སྐྱོད་མུ་འབྲེལ་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་བྱེད་ཐེངས་262ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།