[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་ལྷོ་སྣེའི་ཕྱེད་གླིང་གི་ཤར་རྒྱུད་མཚོ་ཁོངས་སུ་ལྟ་དཔྱད་ཚད་ལེན་ཐེངས་དང་པོ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-13

    ཤིན་ཧྭ་གསར་འགྱུར་ཁང་ཆིང་ཏའོ་ནས་ཟླ་2ཚེས་11ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་11ཉིན་གསར་འགོད་པར་རྒྱལ་ཁབ་རྒྱ་མཚོ་ཅུས་རྒྱ་མཚོ་ཞིབ་འཇུག་ཁང་དང་པོ་ནས་ཤེས་རྟོགས་བྱུང་གསལ། ཞིབ་འཇུག་ཁང་དེའི་ཁོངས་སུ་གཏོགས་པའི“ཉི་གཏད་དམར་པོ་01”རྟགས་ཅན་གྲུ་གཟིངས་ཀྱིས་ལྷོ་སྣེའི་ཕྱེད་གླིང་གི་ཤར་ཕྱོགས་པའོ་ཝེར་རྒྱ་མཚོའི་ཐོག་ཆུ་གཏིང་གི་མཚོན་རྟགས་2ལེགས་གྲུབ་ལྡན་པའི་ངང་གློད་ནས་མཚོ་ཁོངས་དེར“བབ་བསྟུན་སྙིང་པར”རྒྱག་པ་བཞིན་དུས་ཡུན་རིང་པོར་མཚོ་ཁོངས་དེའི་རྒྱ་མཚོར་ལྟ་དཔྱད་བྱ་རྒྱུ་ཡིན་པ་རེད།

    “འདི་ནི་རང་རྒྱལ་གྱིས་མཚོ་ཁོངས་དེར་ཆུ་གཏིང་གི་མཚོན་རྟགས་གློད་ཐེངས་དང་པོ་ཡིན”ཞེས་རྒྱལ་ཁབ་རྒྱ་མཚོ་ཅུས་རྒྱ་མཚོ་ཞིབ་འཇུག་ཁང་དང་པོའི་སུའོ་ཀྲང་ལི་ཐེ་ཀང་གིས་བཤད་ཅིང་། ཁོང་གིས“མཚོན་རྟགས་ཚུར་བསྡུས་རྗེས་ཚན་ཞིབ་མི་སྣས་གཏིང་ཚད་མི་འདྲ་བའི་མཚོ་རྒྱུན་དང་། དྲོད་ཚད། བ་ཚྭ་ལྡན་ཚད་སོགས་དཔྱད་གྲངས་ཀྱི་དུས་ཡུན་རིང་པོའི་འགྱུར་ལྡོག་ལྟ་དཔྱད་ཚད་ལེན་གྲངས་གཞི་བསྡུ་རུབ་བྱེད་ཆོག་པ་དང་ལྷག་དོན་དུ་མཚོན་རྟགས་ཀྱིས་ཟིན་ཐོར་བཀོད་པའི་ཆ་རྐྱེན་ཧ་ཅང་ཞན་པའི་ཁོར་ཡུག་གནས་ཚུལ་ལ་ཚན་རིག་གི་དོན་སྙིང་དང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད”ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།