[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཐུས་མི་ཧྥུའུ་ཞའོ་ཆིན་གྱིས་སྒྱུར་བཅོས་སྒོ་དབྱེའི་ཁྲོད་ཕ་ཡུལ་དེ་བས་འཕེལ་རྒྱས་ཡག་པོ་ཡོང་བ་བྱེད་དགོས་ཞེས་གསུངས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྥུའུ་ཞའོ་ཆིན་ནི་ཧའེ་ནན་ཞིང་ཆེན་ས་རྒོད་གསར་སྦོལ་ཝུའུ་ཀྲི་ཧྲན་ཇ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཆུང་ཀྲུང་ཝུའུ་ཧྲི་པའེ་མ་རི་བོའི་ཡན་ལག་ཀུང་སིའི་རི་སྣེའི་ཇ་བཟོ་གྲྭ་ཇ་ཞིམ་འཛིན་གྲྭའི་པན་ཀྲང་ཡིན་པ་དང་། ཇ་ལོ་ལས་སྣོན་གྱི་ལས་ཀ་བྱས་ནས་ལོ་18ཙམ་སོང་ཡོད། ལོ་འདི་དག་ལས་ཀ་བྱེད་རིང་ཁོང་གིས་ཇ་ཞིམ་འཛིན་གྲྭའི་སྣེ་ཁྲིད་དེ་སྔ་རྗེས་སུ་ཇའི་ཐོན་རྫས་གསར་པ་འབོར་ཆེན་ཞིག་ཞིབ་འཇུག་གསར་སྤེལ་བྱས་ནས་ཇ་བཟོ་གྲྭའི་ཐོན་རྫས་ཀྱི་གྲུབ་ཆ་སྣ་མང་ཅན་དང་རྩེ་གྲ་ཅན་གྱི་ཕྱོགས་སུ་འགྱུར་བ་བྱས་ཡོད།

    ཧྥུའུ་ཞའོ་ཆིན་གྱིས་2018ལོ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་དང་ཧའེ་ནན་གྱིས་ཞིང་ཆེན་བསྐྲུན་ནས་དཔལ་འབྱོར་དམིགས་བསལ་ཁུལ་གཉེར་ནས་ལོ་30འཁོར་བའི་ལོ་ཞིག་ཡིན། ལོ་དེ་དག་གི་སྒོ་དབྱེ་འཕེལ་རྒྱས་བརྒྱུད་ཧའེ་ནན་མི་དམངས་ཀྱི་འཚོ་བ་ལེགས་སུ་ཇེ་ཆེར་ཕྱིན་པ་དང་ཇ་བཟོའི་ཡོང་འབབ་ཀྱང་རྒྱུན་ཆད་མེད་པར་མང་དུ་སོང་ཡོད་ཅེས་གསུངས། ཁོང་གིས་བློ་རྩེ་གཅིག་སྒྲིམ་གྱིས་ཇ་བཟོ་བ་དང་ཇ་ཡག་པོ་བཟོས་ཏེ་ཕྱོགས་ཡོངས་ནས་སྒོ་དབྱེའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་བའི་གོ་སྐབས་དང་བསྟུན་ཏེ་ཕ་ཡུལ་འཕེལ་རྒྱས་དེ་བས་ལེགས་པ་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས།

    ཧྥུའུ་ཞའོ་ཆིན་གྱི་ངོས་ནས་བརྗོད་ན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་བ་ནི་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཡིན། ཁོང་གིས་དམངས་འཚོའི་གནད་དོན་ལ་དོ་ཁུར་བྱེད་པ་དང་། གཞི་རིམ་གྱི་སྐད་སྒྲ་ཚོགས་འདུའི་ཐོག་ཤོད་པ། རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་གསུངས།

    489964_yis_1520828720468.jpg

    འདི་ནི་ཧྥུའུ་ཞའོ་ཆིན་གྱིས(མདུན་གྱི་གཡོན)པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།