[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཨུ་ཡོན་ལོའུ་ཅིས་ཝུའེ་ཡིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱིས་སྲོལ་རྒྱུན་གྱི་བསམ་བློ་སེལ་དགོས་ཞེས་གསུངས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    ཉེ་དུས། ཨུ་ཡོན་ལོའུ་ཅིས་ཝུའེ་ཡིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ཐོག་གཏམ་བཤད་སྤེལ་སྐབས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ནི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཡོང་བ་བྱེད་པར་སྤྱོད་དགོས་ངེས་ཀྱི་ཐབས་ལམ་ཞིག་ཡིན་པས་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་བོ་ནི་ལམ་སྲོལ་དང་སྒྲིག་གཞིའི་འགོག་རྐྱེན་སེལ་ནས་རྒྱུ་རྐྱེན་གཙོ་བོ་ལེགས་སུ་བཏང་སྟེ་བཀོད་སྒྲིག་བྱེད་པའི་ལམ་ལུགས་ལེགས་སྒྲིག་ཡོང་བ་བྱས་པ་ཞིག་ཡིན། “གསུམ་འདོར། གཅིག་གཅོག གཅིག་གསབ”ཀྱི་བརྒྱུད་རིམ་ཁྲོད་སྲིད་འཛིན་བཀའ་རྒྱ་དང་སྲིད་གཞུང་གི་སྐུལ་འདེད་ལ་གཙོ་བོ་བརྟེན་ཚེ་སྒྱུར་བཅོས་དངོས་འབྲེལ་བྱེད་ཐུབ་པ་ཞིག་མིན་ཞེས་བརྗོད།

    ལོའུ་ཅིས་ཝུའེ་ཡིས་སྲིད་འཛིན་བཀའ་རྒྱ་གཏོང་བའི་སྟོན་གྲངས་ཀྱི“ཐོན་ནུས་གཅོག་པའི”རྣམ་པ་སྔར་བཞིན་གསལ་པོ་མཐོང་རྒྱུ་མེད་པ་དང་། ཁང་གོང་མཐོ་བའི་ཁེ་ལས་དང་མཛོད་ཉར་བྱེད་མང་བ་མཉམ་དུ་གནས་པ། གསར་སྤེལ་ཁུལ་ཁག་གི་མ་གནས་མཐོ་བའི་བསྐྲུན་དངོས་དང་བེད་སྤྱོད་འདང་ངེས་མེད་པ་མཉམ་དུ་གནས་པ་བཅས་ལས“མཛོད་ཉར་འཕྲི་བའི”དཀའ་གནད་ཆེ་རུ་ཕྱིན་ཡོད་ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།