[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཐུས་མི་མ་ཧུའེ་ཅོན་གྱིས་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    489965_yis_1520828721357.jpg

    འདི་ནི་མ་ཧུའེ་ཅོན་གྱིས(མདུན་གྱི་གཡོན)ཧུང་སི་པའོ་གྲོང་རྡལ་ཧུང་མའེ་གྲོང་ཚོའི་གྲོང་གསེབ་རིག་གནས་འཛུགས་སྐྱོང་གི་གནས་ཚུལ་ལ་བརྟག་ཞིབ་གནང་བའི་གནས་ཚུལ་ཡིན་པ།

    གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མ་ཧུའེ་ཅོན་ནི་ཉིང་ཞ་ཝུའུ་ཀྲུང་གྲོང་ཁྱེར་ཧུང་སི་པའོ་ཆུས་ཧུང་སི་པའོ་གྲོང་རྡལ་གྱི་ཞིང་པ་ཞིག་རེད། སློབ་འབྲིང་ལས་འགྲིམས་མྱོང་མེད་པའི་ཁོང་གིས་2010ལོ་ནས་བཟུང་ཞིང་འདེབས་པ་དང་གླ་པར་སྐྱོད་སྐབས་ཀྱི་དལ་ཁོམ་སྤྱད་དེ་ལག་ཐོགས་ཁ་པར་བརྒྱུད་ཡིག་འབྲུ་ཁྲི་40ལྷག་ཙམ་ཡོད་པའི་ཟིན་བྲིས་དང་ལྷུག་རྩོམ་བྲིས་ནས་ལག་ཐོགས་ཁ་པར་7ཙམ་ཟད་ཡོད། ཁོང་གི་བརྩམས་ཆོས་ཀྱིས་དྲ་བའི་ཐོག་ཀློག་པ་པོ་མང་པོའི་ཡིད་དབང་བཀུག་པ་དང་ད་དུང་བརྩམས་ཆོས་ཁག་གཅིག་རྩོམ་རིག་དུས་དེབ་ཐོག་སྤེལ་མྱོང་ཡོད་པས་མ་ཧུའེ་ཅོན་གྲོང་གསེབ་རིག་གནས་འགོད་མཁན་གྱི་དམངས་ཁྲོད་རྩོམ་པ་པོ་ཞིག་ཏུ་གྱུར་པ་མ་ཟད། ད་དུང་ཧུང་སི་པའོ་གྲོང་རྡལ་རིག་གནས་ས་ཚིགས་ཀྱི་ཀྲན་ཀྲང་ལ་གྱུར། གནས་སྤོས་ཡུལ་མི་ཞིག་ཡིན་པའི་ཁོང་གིས་ཡིག་ཐོག་ནས་རང་ཉིད་དང་ཡུལ་མི་ཚོའི་འཚོ་བའི་འགྱུར་ལྡོག་འགོད་རྒྱུ་མཐའ་འཁྱོངས་བྱས་ཡོད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་རྗེས་མ་ཧུའེ་ཅོན་གྱིས་རང་ཉིད་ཀྱི་གཟི་བརྗིད་ལྡན་པའི་ལས་འགན་དང་ལྗིད་ཏིག་ཏིག་གི་འགན་འཁྲིར་ངོས་འཛིན་གསལ་པོ་བྱུང་ཡོད། ཁོང་གིས་གྲོང་གསེབ་དར་རྒྱས་གཏོང་བར་གྲོང་གསེབ་རིག་གནས་དར་རྒྱས་གཏོང་དགོས“ལོ་ཏོག་ཁོ་ན་སྐྱེས་པའི་ས་གཞི་ནི་མྱ་ངམ་ཅན་ཞིག་མ་ཡིན་ནམ། རིག་གནས་ཀྱི་འདེགས་སྐྱོར་བྱུང་ཚེ། གཞི་ནས་ས་གཞི་དེར་དེ་བས་གསོན་ཤུགས་འཕེལ་ཐུབ”ཅེས་གསུངས་པ་རེད།

    གྲོང་གསེབ་ནས་ཡིན་པའི་ཀློག་པ་པོ་ཞིག་གིས་དེ་སྔོན་མ་ཧུའེ་ཅོན་ལ་ཡིག་ལན་ཞིག་བཞག་ཡོད་པ་སྟེ་དཔེ་དེབ་ཀློག་རྒྱུར་ཧ་ཅང་དགའ་པོ་ཡོད། འོན་ཀྱང་དཔེ་མཛོད་ཁང་མེད་པར་དེབ་གཡར་ཐུབ་ཀྱི་མི་འདུག་ཅེས་བྲིས་ཡོད། མ་ཧུའེ་ཅོན་རང་ཉིད་ལའང་དེ་སྔོན་གནས་ཚུལ་དེ་ལྟ་བུ་འཕྲད་ནས་ཀློག་པ་པོ་འདི་དང་མྱོང་ཚོར་གཅིག་པ་བྱུང་མྱོང་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་རྗེས་ཁོང་གིས་ས་ཆ་དངོས་སུ་བཅར་འདྲི་དང་བརྟག་ཞིབ་བྱས་པ་བརྒྱུད་རྫོང་རིམ་པའི་དཔེ་མཛོད་ཁང་དང་རིག་གནས་ཁང་ཁག་གཅིག་གི་སྒྲིག་བཀོད་ད་དུང་འཐུས་སྒོ་ཚང་པོ་མེད་པ་དང་ཐ་ན་རྩ་བ་ནས་མེད་པ་ཤེས་རྟོགས་བྱུང་བ་རེད། མ་ཧུའེ་ཅོན་གྱི་འདི་ལོའི་གྲོས་འགོ་ནི་གྲོང་གསེབ་ཀྱི་དཔེ་མཛོད་ཁང་དང་རིག་གནས་ཁང་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་གསེབ་རིག་གནས་འཛུགས་སྐྱོང་གི་ཉམས་ཞན་གྱི་དཀའ་གནད་ཁག་གཅིག་སེལ་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།