[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ གཞུང་དོན་ཐིང་། ཀྲུང་དབྱང་དམག་ཨུད་གཞུང་དོན་ཐིང་བཅས་ཀྱིས།

    《དམག་དཔུང་གི་རིན་ཡོད་ཞབས་ཞུ་ཕྱོཌ་ཡོངས་ནས་མཚམས་འཇོག་བྱ་རྒྱུའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ།

  • ཡོང་ཁུངས།   ​ ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་11ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་། ཀྲུང་དབྱང་དམག་ཨུད་གཞུང་དོན་ཐིང་བཅས་ཀྱིས《དམག་དཔུང་གི་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱ་རྒྱུའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ནས་རིམ་ཁག་དམག་དཔུང་དང་ས་གནས་ལ་དམག་དཔུང་གི་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱ་རྒྱུའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད།

    《མཛུབ་ཁྲིད་བསམ་འཆར》ནང་དམག་དཔུང་གི་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བཅས་ཀྱིས་དུས་རབས་གསར་པར་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་རྒྱུའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དང་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་དམིགས་ནས་བཏོན་གནང་བའི་འཐབ་ཇུས་དང་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་ཞེས་བསྟན་ཡོད་པ་རེད།

    《མཛུབ་ཁྲིད་བསམ་འཆར》ནང་དམག་དཔུང་གི་རིན་ཡོད་ཞབས་ཞུ་ཕྱོགས་ཡོངས་ནས་མཚམས་འཇོག་བྱ་རྒྱུའི་འཐབ་ཇུས་དང་ཐབས་ཇུས་གལ་ཆེན་གྱི་དགོངས་པ་ཁོང་དུ་ཡང་དག་ཆུད་པ་བྱེད་པ་དང་། དམག་དཔུང་གིས་ཚོང་གཉེར་མི་བྱེད་པ་དང་། རྒྱུ་ནོར་གྱར་བརླག་མི་འགྲོ་བ། མཉམ་འདྲེས་ནན་པོ་བྱེད་པ། གཏོང་ཡོང་ལོགས་དབྱེ་གཉིས་བཅས་ཀྱི་ཚད་གཞི་གཞིར་བཟུང་བ། སེམས་ཐག་ཆོད་ལ་ཕྱོགས་ཡོངས་དང་། བརྟན་ལྷིང་ཧུར་ཐག དམག་དམངས་མཉམ་འདྲེས་བཅས་མཐའ་འཁྱོངས་བྱེད་པ། འཆར་གཞི་གཞིར་བཟུང་རིམ་པ་དབྱེ་ནས་བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་2018ལོའི་ལོ་མཇུག་གོང་དུ་དམག་དཔུང་གི་རིན་ཡོད་ཞབས་ཞུའི་བྱེད་སྒོ་མཐའ་དག་ཕྱོགས་ཡོངས་ནས་མཚམས་འཇོག་གིས་རང་དམག་གི་རང་གཤིས་དང་། དམིགས་ཡུལ། རང་བཞིན་བཅས་ནམ་ཡང་མི་ཉམས་པ་དང་དམག་དཔུང་གི་འཐབ་ནུས་ཆེ་རུ་གཏོང་ཆེད་ཆ་རྐྱེན་བཟང་པོ་སྐྲུན་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།