[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2018ལོའི“མི་ཁྲིའི་འཆར་འགོད”ཀྱིས་སློབ་ཁྲིད་གྲགས་ཅན་དགེ་རྒན་100བདམས་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-10

    ཚེས་8ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སློབ་གསོ་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུས་2018ལོའི་རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་འགོད”ཀྱི་སློབ་ཁྲིད་གྲགས་ཅན་དགེ་རྒན་འདེམས་པའི་ལས་དོན་སྤེལ་བ་དང་། འདི་ལོ་རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་འགོད”ཀྱི་སློབ་ཁྲིད་གྲགས་ཅན་དགེ་རྒན་100བདམས་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། དེའི་ནང་མཐོ་རིམ་སློབ་གྲྭའི་དགེ་རྒན་གྱིས་60%ཙམ་བཟུང་བ་དང་། འབྲིང་རིམ་མན་གྱི་སློབ་གྲྭའི་དགེ་རྒན་གྱིས་40%ཙམ་བཟུང་ཡོད། དགེ་རྒན་གཉིས་ནི་དམག་དོན་སློབ་གླིང་གི་ལས་ཐོག་ཆེད་འགན་འཁུར་བའི་དགེ་རྒན་ཡིན་པ་དང་། ཀྲུང་དབྱང་དམག་ཨུད་སྦྱོང་བརྡར་དོ་དམ་པུའི་སློབ་གླིང་ཅུས་ཀྱིས་འདེམས་འགན་འཁུར་བ་རེད། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་འདེམས་པར་གྲོང་གསེབ་ཀྱི་སློབ་གྲྭར་གཟིགས་སྐྱོང་བྱ་རྒྱུར་སྣང་ཆེན་བྱས་པ་རེད།

    རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་འགོད”ནི་རྒྱལ་ནང་གི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣར་ཕྱོགས་ནས་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པའི་འཆར་འགོད་ཅིག་ཡིན་པ་དང་2012ལོར་ལག་བསྟར་བྱེད་འགོ་བརྩམས་པ་རེད། འཆར་འགོད་དེས་ལོ་10ཙམ་གྱི་དུས་ཚོད་སྤྱད་དེ་རང་བྱུང་ཚན་རིག་དང་། ལས་གྲྭའི་ལག་རྩལ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་བཅས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣ་དང་། སྣེ་འཁྲིད་མི་སྣ། གཞོན་ནུ་ཤེས་ལྡན་པ་རྩེ་གྲ་བཅས་ཁག་གཅིག་གཙོ་གནད་དུ་བདམས་ནས་“མི་ཁྲིའི་འཆར་འགོད”དང་ཕན་ཚུན་སྦྲེལ་མཐུད་བྱེད་པའི་རིམ་པ་མཐོ་བའི་གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་མ་ལག་ཅིག་ཆགས་པ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།