[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་རྒྱང་ཚོར་ཨང་སོ་གཉིས་པ་རྟགས་ཅན་སྲུང་སྐར་ཚོ་པ་01གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

    556797_yis_1539148645585_s.jpg

    ཟླ་10ཚེས་9ཉིན་གྱི་ཆུ་ཚོད་10དང་སྐར་མ་43ཐོག་རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་ག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས(རྒྱང་སྐྱོད་རྟགས་ཅན་དང་པོའི་Sརིམ་པའི་ཐོག)རྒྱང་ཚོར་ཨང་སོ་གཉིས་པའི་སྲུང་སྐར་ཚོ་པ་01མཁའ་དབྱིངས་སུ་འཕེན་གཏོང་ལམ་ལྷོངས་བྱུང་ཞིང་། སྲུང་སྐར་དེ་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་འབྱོར་ཡོད་པ་རེད།

    ཟླ་10ཚེས་9ཉིན་གྱི་ཆུ་ཚོད་10དང་སྐར་མ་43ཐོག རང་རྒྱལ་གྱི་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་ག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་རྒྱང་ཚོར་ཨང་སོ་གཉིས་པ་རྟགས་ཅན་གྱི་སྲུང་སྐར་ཚོ་པ་01མཁའ་དབྱིངས་སུ་འཕེན་གཏོང་ལམ་ལྷོངས་བྱུང་ཞིང་། སྲུང་སྐར་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་འབྱོར་པ་རེད། སྲུང་སྐར་དེ་ནི་གཙོ་བོར་གློག་ཁབ་ལེན་ཁོར་ཡུག་འཚོལ་ཞིབ་ཐིག་ལེན་དང་དེ་བཞིན་འབྲེལ་ཡོད་ལག་རྩལ་ཚོད་ལྟ་བྱེད་ཆེད་སྤྱོད་རྒྱུ་ཡིན་པ་རེད།

    ད་རེས་སྲུང་སྐར་འཕེན་གཏོང་གི་མཚོ་ཐོག་ཚད་ལེན་ཚོད་འཛིན་ལས་འགན་ནི་རྒྱང་ལྟ་ཨང་བདུན་པ་རྟགས་ཅན་གྱི་གྲུ་གཟིངས་ཀྱིས་ཧིན་རྡུ་རྒྱ་མཚོ་ཆེན་པོའི་སྔོན་གཏན་འཁེལ་བའི་མཚོ་ཁོངས་ཤིག་ནས་བསྒྲུབ་རྒྱུ་ཡིན་པ་དང་། དེ་ནི་གྲུ་གཟིངས་དེ་ཧིན་རྡུ་རྒྱ་མཚོ་ཆེན་པོར་བསྐྱོད་དེ་ལས་འགན་སྒྲུབ་ཐེངས་དང་པོ་ཡིན་པ་མ་ཟད། རྒྱང་སྐྱོད་རིགས་ཀྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་བྱེད་ཐེངས་286པ་དེ་ཡང་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།