[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་ལས་དོན་ལ་སྤྱི་འདོམས་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་ལས་དོན་ལ་སྤྱི་འདོམས་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།

    བརྡ་ཐོའི་ནང་ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་ལས་དོན་ནི་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དང་ཏང་གི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་རྒྱ་ཆེའི་ལས་བྱེད་པས་འགན་འཁྲི་འཁུར་རྒྱུར་སྐུལ་མ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ད་ཕན་ལོ་ཤས་རིང་ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ནས་ལྕག་སྐུལ་གཏོང་བའི་བཀོད་འདོམས་དབྱུག་པའི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཏེ་རྒྱུན་འཁྱོངས་ལྷོད་མེད་ངང་དམ་འཛིན་བྱས་མོད། འོན་ཀྱང་རིགས་འདྲ་མིན་སྣ་ཚོགས་དང་། ཐེངས་གྲངས་མང་བ། བསྐྱར་ཟློས་ཡང་ཡང་བྱེད་པ། ལས་ཀའི་རྗེས་ཤུལ་ལ་མཐོང་ཆེན་བྱེད་པ་ཙམ་ལས་ལས་རྗེས་དངོས་ལ་ལྷོད་གཡེང་གཏོང་བ་སོགས་ཀྱི་གནད་དོན་ལྷག་པ་དང་ས་གནས་དང་གཞི་རིམ་གྱིས་བདག་སྤྲོད་བྱ་རྒྱུར་དཀའ་ངལ་ཤིན་ཏུ་ཆེ་བ་དང་ལས་བྱེད་པ་དང་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བས་བློ་རྩེ་གཅིག་སྒྲིམ་ངང་དོན་འཁྱོལ་བྱ་རྒྱུར་ཕན་ཐོགས་མེད་ལ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཐོན་རྒྱུར་ཡང་མཐུན་རྐྱེན་བསྐྲུན་ནས་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བར་གནོད་འཚེ་ཕོག་སྲིད་སྟབས་ངེས་པར་དུ་སེམས་ཐག་གཙང་བཅད་ཀྱིས་ཐག་གཅོད་བྱས་ཏེ་ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་ལས་དོན་དེ་བས་ཡག་པ་དང་དེ་བས་ཕན་འབྲས་ཐོན་པ་སྒྲུབ་དགོས་ཞེས་བསྟན་པ་རེད།

    བརྡ་ཐོའི་ནང་ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ། རིམ་ཁག་ཏང་ཨུད་ཀྱི་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་འབོར་ཚོད་འཛིན་ནན་པོ་བྱེད་པ། གོང་གིས་འོག་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བྱེད་པ། ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་ལས་ཀའི་ཚན་རིག་དང་མཐུན་པའི་རང་བཞིན་དང་། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་བ། དངོས་སྒྲུབ་ཡར་གཏོད་དང་འགག་སྒྲོལ་དཀའ་སེལ་གྱི་ལས་བྱེད་པའི་འགན་འཁྲི་ཁུར་སེམས་སྔར་བས་འཕེལ་བར་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པ་བཅས་རེད་ཅེས་བསྟན་པ་རེད།

    བརྡ་ཐོའི་ནང་ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་ལས་དོན་ཚད་ལྡན་དུ་གཏོང་བར་ངེས་པར་དུ་འབྱུང་རྩ་ནས་དམ་འཛིན་བྱེད་པ་དང་གོང་རིམ་ལས་ཁུངས་ནས་སྒྲུབ་འགོ་འཛུགས་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་དང་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྤེལ་བའི་ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་ཕུད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་གིས་ས་གནས་ཏང་ཨུད་དང་སྲིད་གཞུང་དམིགས་ཡུལ་དུ་བྱས་པའི་ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་རྣམ་གྲངས་རང་དགར་བཀོད་སྒྲིག་བྱེད་མི་ཆོག་པ་དང་སྡེ་ཚན་གྱི་ཡིག་ཆའི་ནང་རྒྱལ་ཡོངས་རང་བཞིན་གྱི་ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་དོན་ཚན་རང་དགར་གཏན་འབེབས་བྱེད་མི་ཆོག གལ་ཏེ་ཡིན་ཅིག་སྤེལ་དགོས་ཚེ་གནད་དོན་རེར་སྙན་སེང་རེ་ཞུ་དགོས། སྤྱི་འབོར་དང་ཐེངས་གྲངས་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་གིས་རྩ་དོན་ཐོག་ནས་ལོ་ལྟར་ཕྱོགས་བསྡུས་རང་བཞིན་གྱི་ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་ཐེངས་རེ་བྱེད་དགོས་ལ་རིགས་གཅིག་པའི་དོན་ཚན་ཡིན་ཕྱིན་མཉམ་དུ་སྤེལ་ཆོག སྡེ་ཚན་མང་པོ་དང་འབྲེལ་བ་ཡོད་ཚེ་མཉམ་འབྲེལ་ཚོགས་སྒྲིག་བྱེད་པ་ལས་བསྐྱར་ཟློས་དང་ཕུང་གསོག་ཐེབས་པ་དང་གཅིག་ཐོག་གཉིས་སྤོར་བྱ་རྒྱུ་བཀག་འགོག་བྱེད་པ་དང་འགྲིག་མ་འགྲིག་ཙམ་ལ་རྫོང་དང་། ཤང་། གྲོང་ཚོ་བཅས་དང་བཟོ་གཏེར་ཁེ་ལས་དང་སློབ་གྲྭར་མི་མང་སྐུལ་སློང་བྱས་ནས་ས་གནས་དང་གཞི་རིམ་གྱི་རྒྱུན་གཏན་ལས་ཀར་ཤུགས་རྐྱེན་བཟོ་མི་རུང་། སྡེ་ཚན་གྱི་ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་ལས་དོན་ཁྲོད་ཀྲུང་དབྱང་གི་མིང་འཁྱེར་མི་རུང་བ་དང་རྒྱུན་གཏན་གྱི་བརྟག་ཞིབ་མཛུབ་ཁྲིད་ལས་དོན་སྤེལ་སྐབས་ལྟ་བཤེར་དང་། ཞིབ་བཤེར། སྐོར་ཞིབ། ལྟ་ཞིབ། ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་མིང་འདོགས་མི་རུང་ཞེས་བསྟན་པ་རེད།

    ལོ་འཁོར་གྱི་འཆར་གཞི་དང་ཞིབ་མཆན་ཐོ་འགོད་སྙན་སེང་ལམ་ལུགས་ལག་བསྟར་བྱེད་དགོས་ཤིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་གིས་སྤེལ་རྩིས་ཡོད་པའི་ས་གནས་ཏང་ཨུད་དང་སྲིད་གཞུང་དང་། དེ་བཞིན་ཁོངས་གཏོགས་དེ་གའི་རྒྱལ་ཡོངས་རང་བཞིན་གྱི་ལས་སྒོའི་ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་དོན་ཚན་དང་འབྲེལ་བ་ཡོད་ཕྱིན་ཁོངས་སྒྲིལ་དོ་དམ་གྱི་རྩ་དོན་གཞིར་བཟུང་། ལོ་འགོར་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ཁག་སོ་སོར་ཞིབ་འཇུག་དང་ཞིབ་དཔྱད་བྱ་རྒྱུར་འབུལ་དགོས་པ་དང་ཀྲུང་དབྱང་གཞུང་དོན་ཐིང་གིས་གཅིག་གྱུར་ཐོག་ཏང་ཀྲུང་དབྱང་ལ་ཞིབ་མཆན་འགོད་རྒྱུར་སྙན་སེང་ཞུས་རྗེས་ལོ་འཁོར་གྱི་འཆར་འགོད་རྣམ་པའི་ཐོག་ནས་པར་འགྲེམས་བྱས་ཏེ་ལག་བསྟར་བྱ་རྒྱུ་རེད། ཛ་དྲག་ཆེ་བ་དང་ཐོལ་བྱུང་དོན་ཚན་གྱི་ལྟ་བཤེར་ཞིབ་བཤེར་བྱེད་སྐབས་གོ་རིམ་ལྟར་ཞིབ་མཆན་འགོད་རྒྱུར་སྙན་སེང་ཞུས་རྗེས་ལག་བསྟར་བྱེད་ཆོག ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱིས་སྤེལ་བའི་ཞིང་ཆེན་ཡོངས་རང་བཞིན་གྱི་ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་ལས་དོན་ཐད་ལའང་ལོ་འཁོར་གྱི་འཆར་གཞི་བཟོས་ནས་ཀྲུང་དབྱང་གཞུང་དོན་ཐིང་ལ་ཐོ་འགོད་སྙན་སེང་ཞུ་རྒྱུར་འབུལ་དགོས།

    བརྡ་ཐོའི་ནང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་ཤུགས་ཆེར་བཏང་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་གི་རིམ་ངོས་ནས་ཀྲུང་དབྱང་གཞུང་དོན་ཐིང་གིས་སྣེ་ཁྲིད་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་ཞུགས་པའི་སྤྱི་འདོམས་མཐུན་སྦྱོར་ལམ་སྲོལ་བཙུགས་ཏེ་ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་ལས་དོན་གྱི་འཆར་འགོད་དོ་དམ་དང་ལྟ་སྐུལ་ལག་བསྟར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཆེད་དོན་གཙང་བཤེར་བྱས་ཏེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནས་འགོ་བཙུགས་ཏེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཕྱི་ཚུལ་རིང་ལུགས་དང་། དམངས་ལ་ངལ་དུབ་བཟོ་བ་དང་རྒྱུ་ནོར་ཟད་གྲོན་ཆེ་བ། ལྷད་གཏོང་རྫུན་བཟོ་བཅས་ཀྱི་ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་དོན་ཚན་མཐའ་གཅིག་ཏུ་མེད་པ་བཟོས་ནས་གྲངས་འབོར་ཚད་གཞི་ཆེན་པོས་ཉུང་དུ་གཏོང་བ་དང་རྫོང་དང་། ཤང་། གྲོང་ཚོ་བཅས་དང་བཟོ་གཏེར་ཁེ་ལས་དང་སློབ་གྲྭའི་ལྟ་བཤེར་ཞིབ་བཤེར་གྱི་དཔྱད་ཞིབ་དོན་ཚན་50%ཡན་ཉུང་དུ་གཏོང་དགོས། གཙང་བཤེར་བྱས་རྗེས་ཉར་ཚགས་བྱས་པའི་དོན་ཚན་ལ་གསལ་ཐོའི་དོ་དམ་བྱས་ཏེ་ཡོངས་བསྒྲགས་བྱེད་ཆོག་པར་ཡོངས་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུས་ཏེ་ལག་བསྟར་གནད་ལ་འཁེལ་བའི་འགན་ལེན་བྱས་ཐོག་བསྐྱར་དུ་ཐོན་རྒྱུ་ནན་འགོག་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གཙང་བཤེར་བྱས་ཚུལ་ཀྲུང་དབྱང་གཞུང་དོན་ཐིང་ལ་སྙན་སེང་ཞུ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་བརྡ་ཐོ་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཞིབ་ཕྲའི་བྱེད་ཐབས་བཟོ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།