[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་ཡོངས་སུ“གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་དང་ལས་གཉེར་ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

     ཙུང་ལི་ལི་ཁེ་ཆང་གིས་ཆོག་མཆན་གནང་བ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར《རྒྱལ་ཡོངས་སུ“གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་དང་ལས་གཉེར་ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    《བརྡ་ཐོའི》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་གཏོང་བཅས་ལ་དམ་པོར་དམིགས་ནས“གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་དང་ལས་གཉེར་ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ཀྱི་བླང་བྱ་དོན་འཁྱོལ་གྱིས་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་སྔར་བས་གསལ་བཟོ་དང་། ཞིབ་མཆན་འགོད་སྟངས་ལ་ཁྱོན་ཡོངས་ནས་སྒྱུར་བཅོས། ཁེ་ལས་དང་འབྲེལ་བའི་ལས་གཉེར་ལག་ཁྱེར་དང་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་ཁུ་བསྡུ། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ཕྱོགས་བསྡུས་ལྟ་སྡོམ་ལ་ཤུགས་སྣོན། སྲིད་གཞུང་གི་དོ་དམ་བྱེད་སྟངས་གསར་གཏོད་བཅས་བྱས་ཏེ་བརྟན་ལྷིང་དང་། དྲང་གཞག གསལ་པོ། སྔོན་དཔག་རུང་བ་བཅས་ཀྱི་ཁྲོམ་རའི་ཆོག་འཐུས་ཁོར་ཡུག་ཅིག་སྔར་བས་བསྐྲུན་པ་དང་ཁྲོམ་རའི་གསོན་ཤུགས་གང་ལེགས་འཕེལ་བར་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། 2018ལོའི་ཟླ་11ཚེས་10ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁག་དང་པོའི་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་མཆན་གྱི་དོན་ཚན་ཁག་106ཐད་ཀར་རྩིས་མེད་གཏོང་བ་དང་། ཞིབ་མཆན་དེ་ཐོ་འགོད་སྙན་སེང་དུ་སྒྱུར་བ། སྒྲུབ་རྒྱུ་ཁས་ལེན་གྱི་བརྡ་ཐོ་གཏོང་བ། ཆོག་འཐུས་ཞབས་ཞུ་ལེགས་སྒྱུར་བཅས་ཀྱི་བྱེད་ཐབས་བཞི་ལྟར་སོ་སོར“གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་དང་ལས་གཉེར་ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ལག་བསྟར་བྱེད་དགོས་པ་བསྟན་ཡོད།

    《བརྡ་ཐོའི》ནང་སྒྱུར་བཅོས་ཀྱི་གཙོ་གནད་ནང་དོན་ཁ་གསལ་བཟོས་པ་སྟེ། གཅིག་ནས་སྒྱུར་བཅོས་ཀྱི་བྱེད་ཐབས་ཁ་གསལ་བཟོ་དགོས་པ་དང་། ཁག་དང་པོའི“གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་དང་ལས་གཉེར་ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ཁྱབ་ཁོངས་ནང་བཅུག་པའི་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་མཆན་གྱི་དོན་ཚན་ནང་། ཞིབ་མཆན་རྩིས་མེད་བཟོས་པར་སྒེར་དོན་དབང་གིས་རྒྱལ་མཚམས་སྒྲོལ་བའི་བར་སྦྲེལ་སྒྲིག་གཞིའི་འོས་ཐོབ་ཁས་ལེན་སོགས་ཀྱི་དོན་ཚན་2ཡོད། ཁྲོམ་རའི་བྱེད་པོས་ལས་གཉེར་ལག་ཁྱེར་གཉེར་རྗེས་འབྲེལ་ཡོད་ཀྱི་ཚོང་གཉེར་བྱེད་སྒོ་སྒྲུབ་ཆོག གཉིས་ནས“གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་དང་ལས་གཉེར་ལག་ཁྱེར་ལོགས་དབྱེ”དང“ལག་ཁྱེར་མང་པོ་གཅིག་སྒྲིལ”གྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་པ། གསུམ་ནས་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་དགོས་པ། བཞི་ནས་ཆ་འཕྲིན་བསྡུ་རུབ་མཉམ་སྤྱོད་ལ་སྐུལ་སྤེལ་མྱུར་པོ་གཏོང་དགོས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།