[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2018ལོའི་དཔལ་འབྱོར་ལས་རིཌ་ཀྱི་ལོ་འཁོར་གྱི་མི་སྣ་ལེཌ་གྲས་བཅུ་དཔྱད་འདེམས་འགོ་ཚུཌ་པ།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2018-11-08

    ཚེས་6ཉིན་ཤིན་ལང་ནོར་དཔལ་དང་། མི་དམངས་ཉིན་རེའི་ཚགས་པར(དུད་སྣེ) ཝུའུ་ཞའོ་པོ་འཕྲིན་ལམ་བཅས་ཀྱིས་མཉམ་དུ་གཉེར་བའི“2018ལོའི་དཔལ་འབྱོར་ལས་རིགས་ཀྱི་ལོ་འཁོར་གྱི་མི་སྣ་ལེགས་གྲས་བཅུ་དཔྱད་འདེམས”ཀྱི་འགོ་ཚུགས་མཛད་སྒོ་པེ་ཅིང་དུ་གཉེར་ཞིང་། དཔྱད་འདེམས་དེ་ཉིད་ཟླ་11ཚེས་7ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་ཐོག་དྲ་རྒྱའི་འདེམས་ཤོག་འཕེན་པའི་དུས་མཚམས་སུ་སླེབས་པ་དང་། མཐར་དྲ་རྒྱའི་འདེམས་ཤོག་དང་རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་བྱས་རྗེས་བདམས་ཐོན་མིང་ཐོ་ཕྱོགས་བསྡུས་ཐག་གཅོད་བྱ་རྒྱུ་རེད།

    མིག་སྔའི་བར“དཔལ་འབྱོར་ལས་རིགས་ཀྱི་ལོ་འཁོར་གྱི་མི་སྣ་ལེགས་གྲས་བཅུ་དཔྱད་འདེམས”བྱེད་སྒོ་དེ་ཉིད་སྨྱན་སྦྱོར་དཔྱད་ཞིབ་ཚོགས་པ་དང་། ལས་ཁུངས་ཀྱི་དཔྱད་ཞིབ་ཚོགས་པ་དང་དེ་བཞིན་སྒྲིག་འཛུགས་ཨུ་ལྷན་བཅས་ཀྱིས་བརྟག་ཞིབ་ཡུན་རིང་བྱས་རྗེས་ཚད་ལོན་ཡོད། འདི་ལོའི་དཔྱད་འདེམས་ཀྱི་བརྗོད་དོན་གཙོ་བོ་ནི“དུས་རབས་ཀྱི་སྒུལ་ཤུགས་ལ་གུས་བཀུར་ཞུ”ཞེས་པ་དེ་ཡིན་པ་དང་། ཚད་གཞིའི་ཐད་སྔར་བཞིན“གསར་གཏོད་རང་བཞིན་དང་། རྩ་སློག་རང་བཞིན། སྔོན་མཐོང་རང་བཞིན། འཚར་ལོངས་རང་བཞིན། རྒྱུན་མཐུད་རང་བཞིན”བཅས་ལྔ་རྒྱུན་འཁྱོངས་བྱས་ཡོད་པ་རེད།

    དཔྱད་འདེམས་བྱས་འབྲས་2019ལོའི་ཟླ་དང་པོའི་ཟླ་དཀྱིལ་དུ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།