[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་ཞིང་ལས་གྲོང་གསེབ་པུས།

    གྲོང་ཚོར་གཙང་སྦྲའི་བྱ་སྤྱོད་སྤེལ་རྒྱུ་ཡིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-06

    གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་དམག་འཐབ་དྲག་པོ་དང་པོ་དེ་རེད། ཟླ་12ཚེས་3ཉིན་ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་ཞིང་ལས་གྲོང་གསེབ་པུས་སྣེ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། གྲོང་ཚོར་གཙང་སྦྲའི་བྱ་སྤྱོད་སྤེལ་ཏེ་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེར”མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད།

    ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་ཞིང་ལས་གྲོང་གསེབ་པུས་རིམ་ཁག་ཞིང་ལས་གྲོང་གསེབ་ཚན་པས་བསམ་བློ་དང་བྱ་སྤྱོད། ལས་དོན་བཀོད་སྒྲིག ལས་དོན་སྒྲིག་འཛུགས། མི་སྣ་བཀོད་སྒྲིག་སོགས་ལ་གྲ་སྒྲིག་ཡག་པོ་བྱས་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་ལ་ཐུན་མོང་ཐོག་དམ་འཛིན་ཡག་པོ་བྱེད་དགོས། གྲོང་ཚོར་གཙང་སྦྲའི་བྱ་སྤྱོད་སྤེལ་ཏེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་བཅོས་སྐྱོང་གནད་ལ་དཔེ་སྟོན་ནས་ཁྱོན་ལ་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་སྟེ“གཙང་སེལ་གསུམ་དང་སྒྱུར་བ་གཅིག”(གད་སྙིགས་དང་། ཆུ་ཡུར་དང་རྫིང་བུ། སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་བཅས་གཙང་སེལ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལ་གནོད་འཚེ་བཟོ་བའི་སྲོལ་ངན་སྒྱུར་བ)ལ་གཙོ་གནད་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། དཔྱིད་གསར་དུས་ཆེན་གོང“གྲོང་ཚོ་དང་དུད་ཚང་ཚང་མས་གཙང་སྦྲ་བྱས་ནས་གཙང་སིང་སིང་ངང་དཔྱིད་གསར་དུས་ཆེན་བསུ་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་མི་སེར་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ནས་འགོ་རྩོམ་པ་དང་ཞིང་པ་མང་ཚོགས་སོ་སོས་སྒྲུབ་ཐུབ་པའི་བྱ་བ་དངོས་སྒྲུབ་པ་ནས་འགོ་བརྩམས་ཏེ། དུས་ཐུང་ནང་མི་སེར་ཚོས་གྲོང་ཚོའི་རྣམ་པའི་འགྱུར་ལྡོག་ཚོར་ཐུབ་པར་བྱེད་དགོས། གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེའི”ལས་དོན་མགྱོགས་མྱུར་བསྒྲུབས་ཏེ། གྲོང་གསེབ་ཀྱི་ཁྱིམ་གྱི་གསང་སྤྱོད་དང་སྤྱི་པའི་གསང་སྤྱོད་སོགས་འཛུགས་སྐྲུན་དང་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེར”སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱི་མཛུབ་ཁྲིད་བསམ་འཆར་ཞིབ་འཇུག་བྱས་ནས་བཟོ་དགོས་པའི་བླང་བྱ་བཏོན་པ་རེད།

    ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་ཞིང་ལས་གྲོང་གསེབ་པུས་ལས་དོན་ཁག་སྔོན་ལ་འཆར་འགོད་བྱེད་པ་མཐའ་འཁྱོངས་ཀྱིས་འཆར་འགོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ལག་རྩལ་གསར་གཏོད་ལ་ཤུགས་སྣོན་དང་ཁེ་ལས་དང་ཚན་ཞིབ་ཚན་པ་སོགས་ཕྱོགས་ཁག་གི་སྟོབས་ཤུགས་སྐོང་འཐེན་བྱས་ནས་ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་འགག་སྒྲོལ་དང་། ཞིབ་སྤེལ། ཁྱབ་གདལ་བཅས་བྱེད་དགོས་པ། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགན་སེམས་ཡོད་པ་དང་། འཇོན་ཐང་ཆེ་བ། བྱང་ཚད་མཐོ་བ་བཅས་ཀྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་གི་ལས་དོན་དཔུང་ཁག་ཅིག་གཏོད་དགོས། གོམ་སྟབས་རྗེས་མར་ལྟ་སྐུལ་ཞིབ་བཤེར་སྒྲིག་འཛུགས་བྱས་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་གི་ལས་དོན་ལ་ཚོད་སྐོར་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་བྱས་ཏེ་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་སོགས་གཙོ་གནད་ལས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།